༄༅།། དྲ་ཐོག་གི་མགོ་སྐོར་ལ་མཉམ་འཇོག་དང་དོགས་ཟོན་ལེགས་པོ་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-21


དགའ་རོགས་སྒྲིག་ཁུལ་གྱིས་མགོ་བསྐོར་བ། 

        དྲ་ཐོག་ཏུ་དར་ཁྱབ་ཆེ་བའི་མིང་ཚིག་སྟེ། “杀猪盘”ཞེས་པ་དེ་ལ་རྒྱུས་ལོན་ཡོད་དམ།དེ་ནི་དྲ་ཐོག་ནས་དགའ་རོགས་སྒྲིག་ཁུལ་གྱིས་མགོ་བསྐོར་གཏོང་བའི་རྣམ་པ་དེའི་དཔེ་འཇོག་ཅིག་རེད། དྲ་ཐོག་ཏུ་གྲོགས་པོ་སྒྲིག་སྐབས། ཕོ་མོ་སུ་ཞིག་ཡིན་རུང་བརྙན་ལམ་ནས་ཁ་བརྡ་བྱེད་པར་མི་འཐད་པ་ནི་མགོ་བསྐོར་ཡིན་ཁོ་ཐག་རེད།གྲོགས་ཚོམས་དུ་བཞག་ཡོད་པའི་འདྲ་པར་ཚང་མ་རྫུན་མ་ཡིན་པ་དང་།དུས་རྒྱུན་གྱི་མཛའ་བརྩེ་དང་ཐུགས་ཁུར་ཡོད་ཚད་རྫུན་མ་ཡིན་པར་མ་ཟད།གཉེན་སྒྲིག་གི་འདུན་མ་ཡོད་ཚུལ་བརྗོད་པ་དེ་ཡང་རྫུན་མ་ཡིན་ལ།མགོ་བསྐོར་བཏང་སྟེ་ཁྱོད་ཀྱི་ལག་ནས་སྒོར་མོ་བསླུ་འདོད་པ་དེ་ནི་ངོ་མ་རེད།ཁོ་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་དྲ་ཐོག་ཏུ་དགའ་རོགས་སྒྲིག་ཁུལ་གྱིས་དྲ་ཐོག་གི་རྒྱན་འགྱེད་ནང་ཞུགས་སུ་འཇུག་པ་དང་མ་དངུལ་གཏོང་དུ་འཇུག་རྒྱུ་དེའོ། །


“སྤྱི་བདེ་དང་ཞིབ་དཔྱོད།ཁྲིམས་ཁང་བཅས་ཀྱི་ལས་བྱེད་པར་བརྫུ་བ།”

        སྤྱི་བདེ་དང་ཞིབ་དཔྱོད།ཁྲིམས་ཁང་བཅས་ཀྱིས་ཁ་པར་གྱི་ལམ་ནས་གྱོད་དོན་གཏན་ནས་བསྒྲུབ་མི་སྲིད་ལ།“འཛིན་བཟུང་བཀའ་རྒྱ”ཁྱེད་ལརྩིས་ཐོ་ཞིབ་བཤེར་ལ་བརྟེན་ནས་མགོ་བསྐོར་བ།


རྩིས་ཐོ་ཞིབ་བཤེར་ལ་བརྟེན་ནས་མགོ་བསྐོར་བ།

        རྩིས་ཐོ་ཞིབ་བཤེར(刷单)བྱེད་པ་དེ་ནི་མ་གཞི་ནས་ཡིད་རྟོན་མི་རུང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། དེ་བས་རྩིས་ཐོ་ཞིབ་བཤེར་བྱེད་མཁན་དུ་གདན་ཞུ་བྱེད་པ་ནི་མགོ་བསྐོར་ཡིན་པ་གསལ་པོར་ཤེས་དགོས།་གཏན་ནས་སྟོན་མི་སྲིད་པ་དང་།“ཉེན་རྟོག་པའི་དཔང་རྟགས”གཏན་ནས་ཁྱེད་ལ་སྟོན་མི་སྲིད་པར་མ་ཟད། ཁ་པར་གྱི་ལམ་ནས་གྱོད་དོན་ཟིན་ཐོར་དེ་བས་ཀྱང་འགོད་མི་སྲིད།


ཚོང་འགྲུལ་ཞབས་ཞུ་པར(客服)བརྫུས་ནས་མགོ་བསྐོར་པ།

        ཐའོ་པོ་དང་ཅིན་ཏུང་སོགས་ཀྱི་དྲ་ཐོག་ཉོ་སྒྲུབ་སྟེགས་བུས་དངུལ་ཁང་གི་ཁ་པར་ལ་སྦྲེལ་མཐུད་བྱེད་མི་སྲིད།གལ་ཏེ་དངུལ་ཁང་གི་ཁ་པར་དང་སྦྲེལ་མཐུད་བྱས་ཡོད་པའི་ཉོ་སྒྲུབ་སྟེགས་བུའི་ཁ་པར་འབྱོར་སྐབས་མགོ་བསྐོར་ཡིན་པ་ངེས་པར་དུ་ཤེས་དགོས།


མགོ་ཁྲིད་པར་བརྫུས་ནས་མགོ་བསྐོར་བ།

        མགོ་ཁྲིད་ཀྱིས་ཁྱོད་ལ་སྐད་འཕྲིན་དངQQསྦྲེལ་བའམ་ཡང་ན་ཁྱེད་རང་ཚོགས་པའི་ནང་བཅུག་སྟེ་ཚོང་ཆེན་པོ་གཏམ་པ་དང་།སྐར་མ་རེར་སྒོར་མོ་མང་པོ་བཙལ་ཐུབ་པ་སོགས་ཀྱི་སྐད་ཆ་བཤད་པ་ནི་མགོ་བསྐོར་ཡིན་པས།ངེས་པར་དུ་ངོ་ཐུག་ནས་མགོ་ཁྲིད་ལ་གསལ་པོར་འདྲི་དགོས་ལ།གནས་སྐབས་སུ་ངོ་ཐུག་མི་ཐུབ་ན་སྒོར་མོ་གཏན་ནས་བསྐུར་མི་རུང་།


དངུལ་བུན་བྱིན་ནས་མགོ་བསྐོར་བ།

        སྒོར་མོ་མྱུར་མཁོ་བྱུང་བའི་སྐབས་སུ། བརྡ་ཁྱབ་སྟེང་གི་དངུལ་བུན་ལེན་སླ་མོ་ཡིན་ཚུལ་བཤད་པ་སོགས་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། དངུལ་བུན་དེའི་རིགས་ལ་གཏའ་མ་གང་ཡང་འཇོག་མི་དགོས་མོད།འོན་ཀྱང་འགྲོ་རིམ་བསྒྲུབ་པའི་དངུལ་དང་ཁག་ཐེག་དངུལ། ཉེན་སྲུང་དངུལ་སོགས་སྤྲོད་དགོས་པར་བརྗོད་པས། དངུལ་བུན་ལག་ཏུ་མ་འབྱོར་གོང་ལ་ཁོ་ཚོར་སྒོར་མོ་སྤྲོད་དགོས་པ་དེ་ནི་མགོ་བསྐོར་ཡིན་པ་ཤེས་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1