ཚོགས་འདུ་འདིའི་ཐོག་ནས་རིག་གནས་ཤུལ་བཞག་གི་གསོན་ཤུགས་ཤིག་མངོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-22




       སྤྱི་ཟླ་6པའི་ཚེས་20ཉིན་གྱི་སྔ་དྲོར། ས་མཐོའི་དངོས་མིན་ཤུལ་བཞག་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་བའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སྐོང་འཚོགས་བྱས་པ་དང་། ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་ལགས་ནས་གཙོ་སྐྱོང་གནང་བ་དང་། ཁོང་གིས་ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་། རྒྱལ་ཡོངས་༼གེ་སར་༽ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཅས་ནས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་ས་མཐོའི་དངོས་མིན་ཤུལ་བཞག་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་སྐོར་དང་། དངོས་མིན་ཤུལ་བཞག་རིག་གནས་ཀྱི་རིགས་གཞུང་དང་། ལག་ལེན། དེ་བཞིན་རིག་ཚན་འཛུགས་སྐྱོང་སྐོར། དེ་མིན་རྨ་ཆུའི་རིག་གནས་དང་ས་མཐོའི་དངོས་མིན་ཤུལ་བཞག་རིག་གནས་སྐོར་དང་། གེ་སར་རིག་གནས་དང་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྱོང་། ས་མཐོའི་དངོས་མིན་རིག་གནས་ཤུལ་བཞག་དང་དམངས་སྲོལ་འཚོ་བའི་བྱ་བའི་སྣང་ཚུལ་སྐོར་བཅས་ལྔ་ཡིན་ཞེས་དང་། ཁོང་གིས། ཐེངས་འདིའི་གླེང་སྟེགས་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་འགོ་ཁྲིད་དང་རིགས་གཅིག་མཁས་པ་70ལྷག་གདན་འདྲེན་ཞུས་ཡོད་ཅིང་། ཁོང་རྣམ་པས་ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་རེད་ཅེས་ངོ་སྤྲོད་གནང་འདུག


 ཚོགས་རའི་ཡུལ་དངོས་ཀྱི་རྣམ་པ།

    མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་བརྩོན་ཐོག་ཁང་གི་ཚོམས་ཆེན་དུ། རིང་ཚད་ལ་སྨི་20ལྷག་ཟིན་པའི་གླིང་དཔའ་རྟུལ་སུམ་ཅུའི་གཙགས་ཐང་ཞིག་བཀལ་ཡོད་ལ། དེ་ནི་ཉེ་ལམ་རེས་སྐོར་ལྔ་པའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་ཚུད་པའི་ཀོས་ནན་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་དངོས་ཡིན་པ་རེད།  སྤྱི་ལོ་2020ལོའི་ཟླ་6པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་གེ་སར་ལོ་རྒྱུས་སྙན་ངག་གི་བོད་ལུགས་གཙགས་དྲུབ་ཀྱི་ལས་གཞི་དངོས་སུ་མགོ་བརྩམས་པ་དང་། ལས་གཞི་དེར་འཆར་གཞི་ལྟར་ན་མ་དངུལ་སྒོར་བྱེ་བ་2དང་ས་ཡ་8ལྷག་གཏོང་རྩིས་ཡོད་ལ། གཙགས་ཐང་དེའི་ཞེང་ཚད་ལ་སྨི་1.1དང་། རིང་ཚད་ལ་སྨི་260ཟིན་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་གཙགས་དྲུབ་མ་50ལྷག་གིས་ལོ་5ཡི་ནང་དྲུབས་ཚར་བ་བྱ་རྒྱུ་རེད། ཐེངས་འདིའི་གླེང་སྟེགས་སྟེང་འགྲེམས་སྟོན་བྱས་པ་ནི་གཙགས་དྲུབ་ཚར་བའི་གླིང་གི་དཔའ་རྟུལ་18ཀྱི་སྐུ་ཐང་གི་ཆ་ཤས་ཡིན་པས། དེས་ཐེངས་འདིའི་གླེང་སྟེགས་ལ་བཀྲག་མདངས་ཁྱད་པར་བ་ཞིག་བསྩལ་འདུག

གླིང་དཔའ་རྟུལ་སུམ་བཅུའི་གཙགས་ཐང་།

 གླིང་དཔའ་རྟུལ་སུམ་བཅུའི་གཙགས་ཐང་།

ཀོས་ནན་བོད་ལུགས་གཙགས་དྲུབ་ཀྱི་རྒྱུད་འཛིན་པ། ལྷ་མོ་གཡུ་སྒྲོན།

    གླེང་སྟེགས་གཉེར་རིང་། ད་དུང་འགུལ་རིས་གློག་བརྙན་༼དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ༽ཞེས་པའི་ལྟ་སྦྱོང་ཚོགས་འདུ་ཚོགས་པ་དང་། གཙོ་བསྐྲུན་མི་སྣ་དང་གླེང་སྟེགས་ཀྱི་སྐུ་མགྲོན། ལྟད་མོ་བའི་འཐུས་མི་བཅས་ནས། ལོ་རྒྱུས་སྙན་ངག་ཆེན་མོ་གསུམ་དེ་འགུལ་རིས་ཀྱི་རྣམ་པའི་ཐོག་ནས་གསར་སྐྲུན་རང་བཞིན་གྱི་བརྗེ་སྒྱུར་ཐུབ་པ་བྱ་རྒྱུ་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་གཏོང་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད་པ་རེད། 


འགུལ་རིས་གློག་བརྙན་ཆེ་གྲས་༼དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ༽ཞེས་པའི་ལྟ་སྦྱོང་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ།

    ཐེངས་འདིའི་གླེང་སྟེགས་ཀྱི་དགོངས་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཉེ་ལམ་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱ་ལག་ལེན་བསྟར་བ་དང་།  ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས༽ལག་བསྟར་བྱས་ནས་ལོ་འཁོར་བཅུ་ལོན་པའི་སྐབས་སུ་གཉེར་བ་ཞིག་ཡིན་ཞིང་། གླེང་སྟེགས་འདི་ནི་ས་མཐོའི་སྣ་མང་ཕུན་སུམ་ཚོགས་པའི་དངོས་མིན་ཤུལ་བཞག་རིག་གནས་ནི། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། དེ་དག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་དང་ཐོབ་ཐང་ཁས་ལེན་མཚོན་པར་གཞིགས་ནས་གཉེར་བ་ཞིག་ཡིན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1