༄༅། །མཚོ་སྔོན་ཞིང་ཆེན་གྱི«རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི2013ལོ་ནས2017ལོའི་བྱ་བའི་འཆར་འགོད།»ལག་བསྟར་བྱེད་ཐབས། ༼༡༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-13



བཞི། ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་སྒོ་ནས་རུལ་སུངས་སྔོན་འགོག་བྱ་དགོས།

(གཅིག)རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས།

             ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མའི་སློབ་གསོ། ཕུགས་བསམ་འདུ་ཤེས་དང་དམིགས་ཡུལ་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། ཏང་གི་སྒྲིག་སྲོལ་དང་བཅའ་ཁྲིམས། སྲིད་གཙང་ཁྲིམས་སྲོལ། སྲིད་སྐྱོང་ཀུན་སྤྱོད་བཅས་ཀྱི་སློབ་གསོར་ཤུགས་བསྣན་ནས། དཔེ་སྟོན་སློབ་གསོ་དང་ཉེན་བརྡ་གཏོང་བའི་སློབ་གསོ། ལས་རྐང་སྲིད་གཙང་དང་ཉེན་ཁའི་སློབ་གསོ་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་ལོ་རེར་སྲིད་གཙང་སྲིད་སྐྱོང་གི་ཆེད་དོན་སློབ་གསོ་བཀོད་སྒྲིག་བྱས་ཏེ། མགོ་ཁྲིད་པ་དང་པོས་སྲིད་གཙང་རང་གཅིན་གི་ཏང་གཤིས་སློབ་ཁྲིད་ལམ་ལུགས་དངོས་འབེབས་བྱ་དགོས་པ་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་སོགས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལས་ཁུངས་ཀྱིས་སྤྱོད་གཙང་སྲིད་སྐྱོང་སློབ་གསོའི་ནང་དོན་བཀོད་སྒྲིག་བྱས་ཏེ། གསར་དུ་བཞག་པའི་མགོ་ཁྲིད་པར་སྲིད་གཙང་སློབ་གསོའི་གསོ་སྦྱོང་བྱ་བར་ཤུགས་སྣོན་དང་། སྲིད་གཙང་ཁྲིམས་སྲོལ་ཤེས་བྱ་ཚོད་རྒྱུགས་ལེན་པ་དང་སྲིད་གཙང་ཐད་གླེང་མོལ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས།

            སྲིད་གཙང་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་དག་གཙང་གི་རིན་ཐང་ལྟ་བ་སྐྱེད་སྲིང་དང་། “ལྷག་པར་ལྔ”ཡི་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། རྒྱལ་དམངས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། ཁྲིམས་ལུགས་སློབ་གསོ་བཅས་དང་གཞི་གཅིག་ཏུ་འདྲེས་བའི་མཚོ་སྔོན་གྱི་རུལ་སུངས་ལ་ངོ་རྒོལ། སྤྱོད་གཙང་དར་སྤེལ་དུ་གཏོང་བའི་ཁྲིད་སྟོན་སློབ་གསོའི་རྟེན་གཞི་དང་། སྲིད་གཙང་རིག་གནས་དཔེ་སྟོན་བྱེད་ས་སོགས་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་རྐྱེན་ཡོད་པའི་ས་ཁུལ་དང་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་། སྤྱོད་གཙང་དར་སྤེལ་དུ་གཏོང་བའི་སློབ་གསོའི་རྟེན་གཞི་འཛུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས་ལ། དོན་དངོས་དང་ཟུང་དུ་སྦྲེལ་ཏེ་སྲིད་གཙང་རིག་གནས་ཤེས་བྱ་གང་ལེགས་སྒོས་ཇུས་འགོད་དང་རྩ་འཛུགས་ལག་བསྟར་བྱས་ཏེ། སྲིད་གཙང་རིག་གནས་ཀྱི་བརྩམས་ཆོས་ཕུལ་བྱུང་གསར་གཏོད་དང་དྲིལ་བསྒྲགས། ཕུན་སུམ་ཚོགས་པའི་སྲིད་གཙང་རིག་གནས་གསར་སྐྲུན་གྱི་བྱ་འགུལ་སྤེལ་བ་བཅས་བྱ་དགོས།

            དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱ་བར་ཤུགས་སྣོན་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་རྩ་འཛུགས་མི་དོན། དྲིལ་བསྒྲགས་བསམ་བློ། རིག་གནས་སློབ་གསོ། གསར་འགྱུར་པར་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན་སོགས་སྡེ་ཁག་གིས་རུལ་སུངས་ལ་ངོ་རྒོལ་དང་། སྤྱོད་གཙང་དར་སྤེལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་ལོ་ཧྲིལ་བོའི་བྱ་བར་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱེད་སྡེ་ཁག་གཙོ་བོ་དག་གིས་རུལ་སུངས་ལ་ངོ་རྒོལ་དང་། སྤྱོད་གཙང་དར་སྤེལ་གྱི་ཆེད་བསྒྲིགས་པར་ངོས་དང་ཆེད་དོན་ལེ་ཚན་ལེགས་པར་བསྒྲུབ་དགོས་པ་དང་། གསར་འགྱུར་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དང་། དྲིལ་བསྒྲགས་སྒྲིག་ལམ་ནན་མོ། དྲ་བའི་གླེང་ཕྱོགས་འཚོལ་སྡུད་དང་རྩད་ཞིབ། ཐག་གཅོད་པ་སོགས་ཀྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

(གཉིས)རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་དུ་གཏོང་བའི་ཁྲིམས་སྲོལ་ལུགས་སྲོལ་འཛུགས་པར་ཤུགས་བསྣོན་དགོས།

             མགོ་ཁྲིད་ལས་བྱེད་པས་རང་ཉིད་དང་འབྲེལ་ཡོད་ཀྱི་དོན་དག་སྙན་ཞུ་དང་དཔེ་འཐེན་བརྟག་བཤེར་བྱེད་པ་སོགས་ཀྱི་ལམ་ལུགས་འཛུགས་པ་འཐུས་ཚང་དུ་གཏོང་བ་དང་། གསར་དུ་བསྐོ་བཞག་བྱས་པའི་མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་བུ་མོའི་ལས་ཞུགས་དང་། རྒྱུ་ནོར། ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བ་སོགས་འབྲེལ་ཡོད་དོན་དག་ཡོངས་བསྒྲགས་བྱེད་པའི་ཚོད་ལྟའི་ལམ་ལུགས་ཁྱབ་གདལ་དུ་བཏང་ནས། སྲིད་གཙང་ལ་གནོད་པའི་བྱ་བ་ཚོད་འཛིན་བྱེད་པའི་ནང་རྐྱེན་འཛུགས་པ་ཇེ་དྲག་ཏུ་གཏོང་བ་དང་། ཕན་ནུས་ལ་གནོད་པའི་བྱ་བ་གཏན་འགོག་བྱེད་པའི་ལམ་ལུགས་འཛུགས་དགོས། རྒྱལ་དབང་ཁེ་ལས་དང་དངུལ་ལོར་སྡེ་ཁག་གིས“གལ་ཆེན་གསུམ་དང་ཆེན་པོ་གཅིག”དངོས་འབེབས་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ལག་བསྟར་དང་འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་དབང་ཆ་གསལ་བོར་བྱེད་པའི་ལམ་ལུགས་ཁྱབ་གདལ་དུ་བཏང་ནས། ཁྲིམས་ལྟར་དབང་ཆའི་འཁོར་སྐྱོད་བརྒྱུད་རིམ་ཡོངས་བསྒྲགས་བྱ་དགོས་ལ། ཏང་དང་སྲིད་གཞུང་གི་ལས་དོན་དང་། ཁེ་ལས་ལས་དོན། སྡེ་དོན། ཁྲིམས་སྐྱོང་ཁྱབ་ཁོངས་སོ་སོའི་ལས་དོན་ཡོངས་བསྒྲགས་ལམ་ལུགས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་ཁྲིམས་སྲོལ་ལམ་ལུགས་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ལམ་ལུགས་གཏན་འབེབས་བྱེད་པར་དུས་ཐོག་ཏུ་གཙང་བཤེར་དང་བཟོ་བཅོས་བྱ་དགོས་པ་དང་མཉམ་དུ། ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་ལས་དོན་ལ་དོ་དམ། མི་ལ་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་ཤུགས་མཐོར་འདེགས་སུ་བཏང་སྟེ། ཁྲིམས་སྲོལ་ལམ་ལུགས་བརྟན་བརླང་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1