སྒྲོལ་དཀར་ལགས་ལ་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-01



          ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། བདུན་གཅིག་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྤྱི་ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད།
          ད་ལོ་ནི་བདུན་གཅིག་བྱས་རྗེས་གཟེངས་རྟགས་སྤྲོད་ཐེངས་དང་པོ་ཡིན་པ་དང་། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཀྱི་མིང་འདོན་འོས་མི་29བདམས་ཡོད། ཁོང་རྣམ་པའི་ཕུགས་བསམ་ཀྱི་དད་སེམས་བརྟན་པ་དང་། ཏང་ལ་བློ་དཀར་སེམས་དཀར་ཡིན་པ། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་དང་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་པ། ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད། ཁོང་རྣམ་པས་ཀུན་སྤྱོད་དང་གཤིས་སྤྱོད་ལེགས་ལ་རྩ་ཆེའི་བསམ་པའི་རྒྱུ་ནོར་བཏོད་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པ་མ་ཟད་ཀུན་གྱི་བསྔགས་བརྗོད་ཚད་མེད་ཐོབ་ཡོད།  
          སྒྲོལ་དཀར། བོད་རིགས། བོད་ལྗོངས་ལྷུན་རྩེ་རྫོང་གི་མི་ཡིན། སྤྱི་ལོ་1996ལོའི་ཟླ་7པར་ཏང་ནང་ཞུགས། ཁོང་ནི་རྒྱལ་གཅེས་མཐའ་མཚམས་སྲུང་བའི་སྙིང་སྟོབས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཁོང་གིས་༼རང་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་༽པའི་དད་སེམས་བརྟན་པོ་བཅངས་ནས། ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་མཐའ་མཚམས་སུ་ཕྱུགས་འཚོ་བ་དང་སྐོར་གཡེང་གི་རྣམ་པའི་ཐོག་ནས། སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཁ་ཤས་ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་ཞིང་། རང་ཉིད་སླེབས་སའི་ས་ཆ་རེ་རེར་རྒྱལ་དར་བཙུགས་ཏེ།༼དཀའ་ཚེགས་ཇི་ཙམ་ཆེ་ཡང་མེས་རྒྱལ་གྱི་ས་ཆ་ཚུན་རེ་རེ་སྲུང་བའི་༽ཁས་ལེན་ལག་ལེན་བསྟར་ཡོད། ཁོང་གིས་ད་དུང་ཏང་གི་བཀའ་དྲིན་སྒྲོག་འགྲེལ་ཧུར་ཐག་གནང་བ་དང་། མང་ཚོགས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱ་རྒྱུར་ཁྲིད་སྟོན་གནང་ཡོད། ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་བཟང་དང་། དུས་རབས་ཀྱི་མིག་དཔེ་ལ་སོགས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1