སི་ཁྲོན་ཞིང་ཆེན་གྱི་སྐབས་ལྔ་པའི་མི་དམངས་ཀྱི་རེ་འདོད་བསྐོང་ཐུབ་པའི་གཞུང་ཞབས་པའི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-14


            སྤྱི་ཟླ་1པོའི་ཚེས་12ཉིན་གྱི་ཕྱི་དྲོར། སྐབས་ལྔ་པའི་སི་ཁྲོན་ཞིང་ཆེན་གྱི་མི་དམངས་ཀྱི་རེ་འདོད་བསྐོང་ཐུབ་པའི་གཞུང་ཞབས་པའི་གཟེངས་བསྟོད་ཚོགས་འདུ་དེ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁི་ཙུན་ཕིང་ཡང་ཚོགས་འདུར་ཞུགས་ཡོད།

             ཚོགས་ཆེན་ཐོག་《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་ལྔ་པའི་སི་ཁྲོན་ཞིང་ཆེན་གྱི་མི་དམངས་ཀྱི་རེ་འདོད་བསྐོང་ཐུབ་པའི་གཞུང་ཞབས་པ་དང་། གཞུང་ཞབས་པའི་ཚོགས་པ། གཞུང་ཞབས་རིམ་པ་དང་པོ་དང་། དེའི་ཚོགས་པར་གཟེངས་བསྟོད་དང་འབྲེལ་བའི་ཆོད་དོན།》སྒྲོག་འགྲེལ་བྱས་པ་མ་ཟད། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པར་བྱ་དགའ་གནང་།  གཞུང་ཞབས་པའི་བྱ་དགའ་ཐོབ་མཁན་ཧོ་ཝེ་དང་ཀྲང་ཞུས་ཧྭ་གཉིས་ཀྱིས་བྱ་དགའ་ཐོབ་མཁན་གྱི་མི་སྒེར་དང་ཚོགས་པའི་ཚབ་བྱས་ནས་གཏམ་བཤད་སྤེལ།

 ་           ཝང་ཏུང་མིང་གིས། མི་དམངས་ཀྱི་རེ་འདོད་བསྐོང་ཐུབ་པ་ནི་གཞུང་ཞབས་པའི་གཟི་བརྗིད་ཆེས་ཆེ་ཤོས་དེ་ཡིན་ལ། ཐེངས་འདིའི་བྱ་དགའ་ཐོབ་པའི་མི་སྒེར་དང་ཚོགས་པ་ཁག་ནི། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གི་གཞུང་ཞབས་པའི་སྐུ་ཚབ་རེད། ཁོང་ཚོ་མང་ཆེ་བ་གཞི་རིམ་གྱི་མང་ཚོགས་དང་ཆེས་ཉེ་བའི་ས་ནས་དུས་ཡུན་རིང་པོར་དཀའ་ངལ་ཁྱད་བསད་ཀྱིས་ས་གནས་ལས་ཀ་བསྒྲུབ་མཁན་ཤ་སྟག་ཡིན་པས། ཁོང་ཚོས་ཆེས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་བླངས་ཡོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1