ཟུང་ཆུ་རྫོང་གིས་ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 07-08



  

    ད་ལོར་ཟུང་ཆུ་རྫོང་གིས་གྲུབ་ཚུལ་ལེགས་སྒྲིག་དང་ཁྱད་ཆོས་དམ་འཛིན། ཚོང་རྟགས་གསར་གཏོད། རྟེན་གཞི་འཛུགས་སྐྲུན། ཚོང་ར་རྒྱ་བསྐྱེད་བཅས་གཙོ་གནད་དུ་བཟུང་སྟེ། མ་དངུལ་སྒོར་ཁྲི་2200བཏང་ནས་གཙོ་ཚང་རྒུ་གྲོང་རྡལ་དུ་མུའུ་3400ཡི་ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན། གླིང་ཁུལ་དུས་ཐེངས་གཉིས་ལ་བགོས་ནས་བསྐྲུན་རྒྱུ་བྱས། དུས་ཐེངས་དང་པོའི་ལྟེ་བའི་ཁུལ་དུ་གཙོ་བོ་དེང་རབས་ཀྱི་དྲོད་ཁང་དང་ཞིང་ལས་ཚན་རྩལ་འགྲེམས་སྟོན་ཁང་། རྩྭ་པད་མའི་སྨན་རྫས་རྟེན་གཞི། མ་ལག་ཚང་བའི་ཆུ་འདྲེན་དང་ཐོན་སྐྱེད་ལྟ་སྐོར་གྱི་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ།

    དུས་ཐེངས་གཉིས་པར་ས་མཐོའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས། དམར་དམག་རྒྱང་སྐྱོད་རྩྭ་ཐང་བརྒལ་བའི་རྟེན་རྫས་བཤམས་མཛོད་ཁང་། དངོས་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་ཁང་སོགས་གཙོ་གནད་དུ་འཛུགས་སྐྲུན་བྱ་རྒྱུ་རེད། སྔོན་དཔག་བྱས་པ་ལྟར་ན། ཟླ་8པའི་ཟླ་མཇུག་ཏུ་གླིང་ཁུལ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་པར་འགྲུབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1