ལེ་ཧྲན་གྲོང་ཁྱེར་ཅིན་ཁོའུ་གཙང་བོའི་ཁུལ་དུ་ཚད་རིམ་5.0ཅན་གྱི་ས་འགུལ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


            སྤྱི་ཟླ་1པོའི་ཚེས་14ཉིན། ཀྲུང་གོའི་ས་འགུལ་སྟེགས་བུའི་དྲ་རྒྱ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་འདིའི་ཕྱི་དྲོའི་དུས་ཚོད་1དང་སྐར་མ་21གི་ཐོག སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཅིན་ཁོའུ་གཙང་བོའི་ཁུལ་དུ་(བྱང་འཕྲེད་ཚད་ཏུའུ་29.3དང་། ཤར་གཞུང་ཚད་ཏུའུ་103.2ཡི་མཚམས་ཡིན།)ཚད་རིམ་5.0ཅན་གྱི་ས་འགུལ་བྱུང་ཞིང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྟོང་སྨི་14ཡོད་འདུག  དྲ་གྲོགས་ཚོས་བཤད་པ་ལྟར་ན། ཁྲེན་ཏུའུ་གྲོང་ཁྱེར་དང་ཏེ་དབྱང་གྲོང་ཁྱེར། ལེ་ཧྲན་གྲོང་ཁུལ་སོགས་ཀྱི་སྡོད་དམངས་ཀྱིས་ས་འགུལ་བྱུང་བའི་ཚོར་སྣང་ཟབ་མོ་བྱུང་འདུག  མིག་སྔར་ས་གནས་དེའི་མང་ཚོགས་དང་རྒྱུ་དངོས་ལ་གནོད་པ་ཐེབས་པའི་འབྲེལ་ཡོད་གནས་ཚུལ་མེད་པར་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1