ཨོ་རྩལ་ལེགས་བཤད་ལ་ཐ་སྙད་གསར་བ་ཞིག་བསྣན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


     ཚེས་20ཉིན་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་138པའི་ཐོག་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་དེ་ཨོ་ལིན་ཕིག་གི་ལེགས་བཤད“སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ”བཅས་ཀྱི་རྗེས་སུ་“སྔར་ལས་མཐུན་སྒྲིལ”ཞེས་པ་ལེགས་བཤད་ཀྱི་ནང་དུ་སྣོན་རྒྱུའི་མོས་མཐུན་བྱུང་བ་རེད།
     ཟླ་3པར་དྲ་ཐོག་ནས་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་137པའི་ཐོག་པ་ཧོ་ཡིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་མུ་མཐུད་འཁུར་རྗེས་རིམས་ནད་རྗེས་མའི་དུས་རབས་ལ་སྔར་ལས་ལྷག་པའི་སྒོ་ནས་ཁ་གཏད་ཡག་པོ་གཅོག་ཆེད་ཨོ་ལིན་ཕིག་གི་ལེགས་བཤད“སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ”བཅས་ཀྱི་རྗེས་སུ་ཚིག་“Together”( “སྔར་ལས་མཐུན་སྒྲིལ”)སྣོན་རྒྱུའི་གྲོས་འགོ་བཏོན་པ་རེད། ཚིག་བཞི་པོ་མཉམ་དུ་གྲུབ་པའི་རྣམ་པ་ནི“སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ། སྔར་ལས་མཐུན་སྒྲིལ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1