ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཀྲུང་གོར་འཚམས་འདྲི་ཡོང་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-23



 
    ཟླ་7ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཟླ་7ཚེས་25ནས་ཚེས་26ཉིན་བར་ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཧྲེ་མན་ཐེན་ཅིན་དུ་འཚམས་འདྲིར་ཡོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 
   ཟླ་7ཚེས་21ཉིན་གྱི་དགོང་མོར། གསར་འགོད་པ་ཞིག་གིས་ཕྱི་འབྲེལ་པུའི་མགྲིན་ཚབ་པར་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལྟར་བསྒྲགས་པའི་གནས་ཚུལ་ལ་གཞིགས་ན།  ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཧྲེ་མན་ཟླ་7ཚེས་25ནས་ཚེས་26ཉིན་བར་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་ཡིན་ཟེར་བས། གསར་འགྱུར་དེ་བདེན་པ་ཡིན་ནམ་ཞེས་དྲིས། 
    མགྲིན་ཚབ་པས། ཨ་རི་ཕྱོགས་ཀྱིས་ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཧྲེ་མན་ཉེ་ཆར་ཀྲུང་གོར་འཚམས་འདྲིར་ཡོང་བ་བཀོད་སྒྲིག་བྱས་ནས། ཀྲུང་གོ་ཕྱོགས་དང་ཀྲུང་ཨའི་འབྲེལ་བའི་ཐད་བསམ་འཆར་བརྗེ་རེས་བྱ་རྒྱུ་བཏོན་ཡོད། ཕྱོགས་གཉིས་པོས་གྲོས་མོལ་བྱས་པ་བརྒྱུད། ཧྲེ་མན་ཟླ་7ཚེས་25ནས་ཚེས་26ཉིན་བར་ཐེན་ཅིན་དུ་འཚམས་འདྲི་བྱ་རྒྱུ་ཡིན། སྐབས་དེ་དུས་ཀྲུང་གོའི་ཕྱི་འབྲེལ་པུའི་ཀྲུང་ཨའི་འབྲེལ་བ་གཙོ་སྐྱོང་བྱེད་མཁན་པུའུ་ཀྲང་གཞོན་པ་ཤེ་ཧྥུན་གྱིས་ཧྲེ་མན་དང་གྲོས་མོལ་བྱ་རྒྱུ་རེད། དེ་རྗེས་སུ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ཧྲེ་མན་ལ་ཐུག་འཕྲད་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྩ་དོན་དང་ལངས་ཕྱོགས། དེ་བཞིན་དུ་རང་ངོས་ཀྱི་བདག་དབང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་གསལ་སྟོན་བྱས་ནས། ཨ་རི་ཕྱོགས་ལ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བྱེད་མཚམས་འཇོག་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1