པད་ཏིན་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གཉིས་ཀྱིས་ཨ་ཧྥུའུ་ཧན་གྱི་གནས་བབ་ལ་གྲོས་སྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།      ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་ཉེར་གསུམ་ཉིན་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་དང་ཁ་པར་བཏང་སྟེ། ཨ་ཧྥུའུ་ཧན་གྱི་གནས་བབ་ལ་གྲོས་སྡུར་བྱས།
        ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། པད་ཏིན་དང་ཅ་ཉི་གཉིས་ཀྱིས་ཁ་པར་ནང་རྒྱལ་ཁབ་གཉིས་བར་ཡུན་རིང་གི་གྲོགས་པོའི་འབྲེལ་བ་འཛུགས་པའི་དམ་བཅར་ཡང་བསྐྱར་གྲོས་སྡུར་བྱས། པད་ཏིན་གྱིས་ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད་ཨ་ཧྥུའུ་ཧན་གྱི་མང་ཚོགས་ལ་འཕེལ་རྒྱས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ནང་དུ་རིགས་མི་འདྲ་བ་རྒྱབ་སྐྱོར་སྣ་ཚོགས་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
        གསལ་བསྒྲགས་ནང་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཚོགས་ཀྱིས2022ལོར་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་བཀོད་སྒྲིག་བྱས་པའི་རྒྱབ་སྐྱོར་མ་དངུལ་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་དེ་གཙོ་བོར་ཨ་ཧྥུའུ་ཧན་གྱི་མཁའ་དམག་གི་འཐབ་འཁྲུག་ནུས་པ་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་འབར་སྣུམ། མདེལ་སྨན་མཁོ་འདོན་དང་དཔོན་དམག་གི་ཟླ་ཕོགས་ལ་ཁེག་ཐེག་བྱེད་པའི་བྱེད་ཐད་བཀོལ་སྤྱོད་དགོས་པའི་རེ་བ་བཏོན་ཡོད་ཟེར།
        ཕྱོགས་གཉིས་ཀྱིས་བསྟན་དོན། ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་ཉེ་སྔོན་བསླངས་པའི་འགལ་རྩོད་དང་དེའི་ཐད་ཀྱི་གྲོས་མོལ་བརྒྱུད་དེ་འགལ་རྩོད་ཐག་གཅོད་པའི་བཤད་ཚུལ་གཉིས་ཕན་ཚུན་འགལ་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1