ཞི་ལ་རྒྱལ་ཁབ་ཀྱི་རི་ནགས་མེ་འབར་བར་རྐྱེན་བྱས་ཏེ་མི་བཅུ་དྲུག་ལ་གནོད་སྐྱོན་ཐེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-02


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་གྲས་གསུམ་པ་ཕ་ཐི་ལེ་ཉེ་འཁོར་གྱི་རི་ནགས་ས་ཁུལ་ལ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོ་མེ་སྐྱོན་བྱུང་། ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་བར་དུ་དབུགས་འབྱིན་རྔུབ་ལ་གནད་དོན་བྱུང་བའི་མི་བཅུ་དྲུག་སྨན་ཁང་དུ་བསྡད།
        ས་དེའི་མེ་གསོད་སྡེ་ཁག་གིས་ཚེས་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མེ་གསོད་སྡེ་ཁག་གིས་མེ་གསོད་པ་ཉིས་བརྒྱ་དགུ་བཅུ་དང་མེ་གསོད་རླངས་འཁོར་དོན་བདུན། མེ་གསོད་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་བརྒྱད་བཅས་གནོད་ཐེབས་ས་ཁུལ་དུ་མངགས་ཏེ་མེ་གསོད་རོགས་བྱས། མེ་སྐྱོན་བྱུང་སའི་ཉེ་འཁོར་གྱི་སྡེ་དམངས་ཚང་མ་ཁ་བཀྲམ་ནས་སྡོད་དུ་བཅུག མིག་སྔར་སྤྱིའི་ཆ་ནས་མེ་ཚོད་འཛིན་བྱེད་ཐུབ་ཡོད་ནའང་། ད་དུང་མེ་སྐྱོན་སྔར་བཞིན་གནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1