འཛམ་གླིང་ས་ཁུལ་23ལ་འབྲུ་རིགས་དཀོན་པའི་གནས་ཚུལ་ཇེ་སྡུག་ཏུ་འགྱུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-03



   མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་གཉིས་ཀྱིས་ཟླ་7ཚེས་30ཉིན་གོ་ལ་ཧྲིལ་པོའི་ས་ཁུལ་23ལ་སླད་ཕྱིན་ཟླ་བ་གསུམ་རིང་འབྲུ་རིགས་དཀོན་པའི་གནས་ཚུལ་ཚབས་ཆེར་འགྲོ་སྲིད་པའི་ཐ་ཚིག་བསྒྲགས་ཡོད། དེའི་ནང་ཨེ་ཙེ་ཨོ་ཕི་ཡའི་ཐི་ཀེ་ལེ་ས་ཁུལ་དང་། མ་ཏ་ཀ་སི་ཁར་གྱི་ལྷོ་རྒྱུད། ཡེ་མེན། སུའུ་ཏན་ལྷོ་མ། ནི་ཀྲེ་རི་ཡའི་བྱང་རྒྱུད་ས་ཁུལ་བཅས་ཀྱི་གནས་ཚུལ་ཚབས་ཆེ་ཤོས་ཡིན་པ་རེད། 
   མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཟླ་7ཚེས་30ཉིན་སྙན་ཞུ་ཞིག་སྤེལ་བའི་ནང་། ད་ལོའི་ཟླ་8པ་ནས་ཟླ་11པའི་བར། གོ་ལ་ཧྲིལ་པོའི་ས་ཁུལ་23གྱི་འབྲུ་རིགས་དཀོན་པའི་གནས་ཚུལ་སྔར་བས་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། “མུ་གེའི་གནད་དོན་གྱི་གཞི་ཁྱོན་དང་ཚད་གཞིའི་ཐད་ནས་ཚབས་ཆེར་འགྲོ་བཞིན་ཡོད”ཅེས་བྲིས་ཡོད། 
   ས་ཁུལ་23དེ་དག་ཁྲོད། གདོང་ཐུག་རྒྱུན་ཆད་མེད་པར་ཐོན་པའི་ཨའེ་སའེ་ཐི་ཀེ་ལེ་ས་ཁུལ་གྱི་གནས་ཚུལ་སྡུག་ཤོས་ཡིན་པ་རེད། སྙན་ཞུའི་ནང་དུས་ཐོག་ཏུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མ་བྱས་ཚེ། ཐི་ཀེ་ལེ་ས་ཁུལ་དུ་མུ་གེ་དང་རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི་40.1བར་མང་དུ་འགྲོ་རྒྱུ་ཡིན་པ་དང་། སྐབས་དེ་དུས་2011ལོའི་སོ་མ་ལིའི་མུ་གེ་ལས་ཀྱང་ཚབས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བྲིས་ཡོད་པ་རེད། 
མ་ཏ་ཀ་སི་ཁར་གྱི་ལྷོ་རྒྱུད་དུ་ལོ་40ཡི་རིང་ཐན་པ་ཚབས་ཆེ་ཤོས་བྱུང་བ་དང་། དེའི་ཐོག་འབུའི་གནོད་འཚེ་དང་དེ་བཞིན་འབྲུ་རིགས་ཐོན་འབབ་ཡག་པོ་མེད་པས་འབྲུ་རིགས་ཀྱི་རིན་གོང་འཕར་ནས། ཟླ་9པར་མི་འབོར་ཁྲི་1.4ནི་མུ་གེ་དང་འཆི་ཉེན་ཚབས་ཆེན་པོ་དང་འཕྲད་རྒྱུ་རེད། གྲངས་ཀ་འདི་ནི་ལོ་མཇུག་ལ་ཐོན་ན་ལྡབ་འགྱུར་གྱིས་འཕར་ནས་མི་ཁྲི་2.8བར་ཟིན་སྲིད་པ་རེད། 
   སྙན་ཞུའི་ནང་དབྱེ་ཞིབ་བྱས་པར་གཞིགས་ན། གཏུམ་སྤྱོད་གདོང་ཐུག་དང་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ས་ཁུལ་ཁག་གཅིག་གི་བཟའ་བཅའི་རིན་གོང་འཕར་བ་དང་སིལ་ཚོང་ཁྲོམ་ར་ཆུང་དུ་ཕྱིན་ནས་མི་རྣམས་ཀྱི་བྱ་འགུལ་ལ་ཚོད་འཛིན་ཕོག་པ་མ་ཟད། དེའི་ཁར་འབྲུ་རིགས་ཀྱི་ཐོན་ཚད་ཆག་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ས་གནས་དེ་གའི་མུ་གེ་བྱུང་བའི་མི་འབོར་མང་དུ་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1