ནས་འཛམ་གླིང་ལ་སྐྱོད་ཐུབ་པ་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-06


   ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ནས་ནི་གངས་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ཤིག་དང་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་མིག་ལམ་གྱི་ཚེ་སྲོག་གི་འབྲུ་རིགས་དང་། བདེ་ཐང་གི་འབྲུ་རིགས། ཕྱུག་འགྱུར་གྱི་འབྲུ་རིགས་བཅས་རེད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་དང“ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་དར་རྒྱས་གཏོང་བའི”ལག་བསྟར་བསམ་འཆར་དོན་འཁྱོལ་ཧུར་ཐག་བྱ་ཆེད། མགྱོགས་མྱུར་གྱིས་ནས་འབྲེལ་ལས་རིགས་ཁྲོད་ཀྱི་མཐོ་ས་དེ་བཟུང་བ་སྟེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་ནས་ཐོན་ལས་ཀྱི་ལག་རྩལ་གསར་པ་དང་། ཚད་གཞི་གསར་པ། ཐོན་རྫས་གསར་པ་བཅས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཟླ་8ཚེས་4ཉིན། རྒྱལ་ཁབ་འབྲུ་རིགས་ཐོན་ལས(ནས་ལས་སྣོན་ཞིབ་ཚགས)ཀྱི་ལག་རྩལ་གསར་གཏོད་ཡན་ལག་ལྟེ་གནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒོ་བྱང་བཀལ།


     ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ནས་ཀྱི་ཐོན་ཁུངས་ཕན་འབྲས་ཆེན་པོ་དང་ཕྱོགས་བསྡུས་བེད་སྤྱོད་དང་དེ་བཞིན་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་ད་དུང་མི་འདང་བ་དང་། ཚན་རྩལ་གསར་གཏོད་དང་ཚད་གཞི་བཟོ་བའི་སྟོང་ཆ་མང་པོ་ཡོད། ད་ཡོད་ནས་ཀྱི་ཐོན་རྫས་ཀྱིས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ལག་རྩལ་ཆུ་ཚད་སྔར་བཞིན་འཕེལ་རྒྱས་ཀྱི་བར་སྟོང་ཡོད་པ་རེད། 
     རྒྱལ་ཁབ་འབྲུ་རིགས་ཐོན་ལས(ནས་ལས་སྣོན་ཞིབ་ཚགས)ཀྱི་ལག་རྩལ་གསར་གཏོད་ལྟེ་གནས(གཤམ་དུ་བསྡུས་མིང་ལ་གསར་གཏོད་ལྟེ་གནས་ཞེས་བརྗོད་རྒྱུ)ཀྱིས་ཀྲུང་གོའི་ཞིང་ལས་སློབ་ཆེན་ལ་བརྟེན་ནས་ཀུང་སི་མང་པོ་དང་དེ་བཞིན་པེ་ཅིང་བཟོ་ཚོང་སློབ་ཆེན་སོགས་སྒྲིག་གཞི་མང་པོ་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་བསྐྲུན་ཡོད། བོད་ལྗོངས་ལྷ་ས་སོགས་སུ་ཡན་ལག་ལྟེ་གནས་དང་ཐོན་ལས་རྟེན་གཞི་བཙུགས་ནས་ཁྱོན་མ་དངུལ་སྒོར་ཁྲི་80གཏོང་རྩིས་ཡོད་པ་དང་། འཛུགས་སྐྲུན་གཞི་ཁྱོན་སྨི་ངོས་གྲུ་3000ལྷག་ཙམ་ཟིན། ལྟེ་བའི་མ་བཅོས་རྒྱུ་ཆའི་རྟེན་གཞིའི་གཞི་ཁྱོན་མུའུ་ཁྲི་26ཟིན་ལ་འཛུགས་སྐྲུན་དུས་ཡུན་ལོ་གསུམ་ཡིན་པ་རེད།

     གསར་གཏོད་ལྟེ་གནས་ཀྱིས་ནས་ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་གསར་གཏོད་སྟེགས་བུ་བཙུགས་ནས་རང་རྒྱལ་གྱི་རྒྱལ་ཁབ་འབྲུ་རིགས་ཐོན་ལས(ནས་ལས་སྣོན་ཞིབ་ཚགས)ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་གཞི་གྲངས་མཛོད་ཐོག་མ་དེ་འཛུགས་རྩིས་ཡོད་པ་རེད། ནས་ལས་སྣོན་ཞིབ་ཚགས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགག་རྩའི་ལག་རྩལ་གྱི་གནད་དོན་ལ་དམིགས་ནས་ཚན་རྩལ་གསར་གཏོད་ཀྱི་འགག་སྒྲོལ་ལས་དོན་སྤེལ་ཏེ་ནས་མཚོ་བོད་ས་མཐོ་ནས་རྒྱལ་སྤྱིའི་ཁྲོམ་རར་སྐྱོད་ཐུབ་པ་བྱེད་དགོས། 


     གཞན་ཡང་གསར་གཏོད་ལྟེ་གནས་ཀྱིས་ད་དུང་ནས་ལས་སྣོན་ཞིབ་ཚགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་ཐོག་གི་གྲོ་དང་འབྲེལ་ཡོད་མཐུན་ཚོགས་དང་མཐོ་སློབ་སློབ་གླིང་སོགས་དང་མཉམ་འབྲེལ་བྱས་ཏེ། ནས་ལས་སྣོན་ཞིབ་ཚགས་དང་ཐཱན་ཉུང་རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག སྲིད་ཐོན་སློབ་ཞིབ་བཅས་ཟུང་འབྲེལ་བྱས་ཏེ་ཆེད་ལས་ཀྱི་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྗེས་མཐུད་སྟོབས་ཤུགས་བརྟན་པོ་ཞིག་ཆགས་པར་བྱས་པ་རེད།


     གསར་གཏོད་ལྟེ་གནས་ཀྱི་འགན་འཁུར་བས་བཤད་རྒྱུར། “གསར་གཏོད་ལྟེ་གནས་ཀྱིས་ལོ་གསུམ་ལ་འཛུགས་སྐྲུན་བྱས་པ་བརྒྱུད། ནས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་གྱི‘གཞི་གཅིག་ཅན’གྱི་ལག་རྩལ་མ་ལག་བསྐྲུན་ནས་འགག་རྩའི་ལག་རྩལ་གསར་སྤེལ་དང་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པ། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། བདེ་ཐང་གི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཞབས་ཞུ་བཅས་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1