དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ཨུད་ཡི་དེ་སྔའི་ཧྲུའུ་ཅི་ཁྲེན་ཐིང་ཆོན་གཉིས་འབུད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-09



   ཉེ་ཆར། སི་ཁྲོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཁྲེན་ཐིང་ཆོན་གྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། ཁྲེན་ཐིང་ཆོན་གྱི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ། དྲང་གཞག་ངང་གཞུང་དོན་བསྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་སྐྱེས་དངུལ་བླངས་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་པ།རྩ་འཛུགས་ཀྱིས་ཡིག་བསྐུར་འདྲི་རྩད་བྱེད་སྐབས། གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། ལས་གནས་ལེགས་སྒྲིག་ཐད་མི་གཞན་ལ་རོགས་རམ་བྱེད་པ་དང་འབྲེལ་རྒྱུ་ནོར་བླངས་པ། འཚོ་བ་རུལ་སུངས་སུ་འགྱུར་བ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་གྱིས་ཨར་ལས་རྣམ་གྲངས་སྒྲུབ་འགན་ལེན་པ་དང་།མ་དངུལ་གཏོང་སྤྲོད་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱེད་པ་དང་འབྲེལ་རྒྱུ་ནོར་བླངས་པ།གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པ་བཅས་རེད། 
    ཁྲེན་ཐིང་ཆོན་གྱིས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཐོག་ཁྲིམས་འགལ་དང་། ལྐོག་རྔན་བླངས་པའི་བྱས་ཉེས་གསོག་པའི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཚོད་མི་བཟུང་བ་དང་མཚམས་མི་བཞག་པ། ངོ་བོ་ཚབས་ཆེ་ཞིང། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སི་ཁྲོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཞིང་ཨུད་ལ་ཆོག་མཆན་ཞུས་རྗེས། ཁྲེན་ཐིང་ཆོན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེར་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་རྒྱུའི་ཆད་པ་གཅོད་རྒྱུ། དེའི་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1