གཙོད་ཀྱི་སྲུང་སྐྱོང་རིམ་པ་“དམའ་རུ་བཏང་ ”ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-11


     གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། རང་རྒྱལ་གྱི་ཤིན་ཅང་གི་ཨའར་ཅིན་ཧྲན་རི་བོ་དང་བོད་བྱང་ཐང་། དེ་བཞིན་མཚོ་སྔོན་གྱི་ཆུ་དམར་སོགས་ས་ཁུལ་དུ་ཁྱབ་ནས་འཚོ་གནས་བྱེད་བཞིན་ཡོད། དེ་དག་ནི་མཚོ་བོད་མཐོ་སྒང་གི་རྨང་གཞིའི་སྲོགས་ཆགས་རིགས་ཡིན་ལ་མཚོ་བོད་མཐོ་སྒང་གི་སྲོགས་ཆགས་ཀྱི་མཚོན་བྱེད་ཀྱང་ཡིན། གཙོད་ནི་མཚོ་བོད་མཐོ་སྒང་གི་རང་བྱུང་སྣོད་བཅུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྣོད་བཅུད་དོ་སྙོམས་རྒྱུན་འཁྱོངས་བྱ་རྒྱུར་དེ་བས་གལ་འགངས་ཆེན་པོ་ལྡན་ཡོད། 

     རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་གསར་དུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་སྣོད་བཅུད་སྲུང་སྐྱོང་དང་རྔོན་རྒྱག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་ལྷན་དུ་རང་རྒྱལ་གྱི་གཙོད་ཀྱི་གྲངས་འབོར་དེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་སྐབས་ཁྲི་7ཡང་ཟིན་གྱི་མེད་པ་དེ་མིག་སྔར་ཁྲི་30ཙམ་ཕྱིན་ཡོད་པ་རེད། 


     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་མཚོ་སྔོན་གྱི་ས་ཁོངས་སུ་གནས་ཡོད་ཅིང་། དེ་ནི་རང་རྒྱལ་གྱིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་དང་པོ་དེ་ཡིན་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་དང་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ལེགས་སུ་གཏོང་བ་དང་། ཕྱུགས་རིགས་གསོ་གྲངས་ཉུང་དུ་གཏོང་བ། ལོ་བཅུ་ལྷག་རིང་ལྐོག་རྔོན་བྱེད་རིགས་གཅིག་ཀྱང་མེད་པ་རེད། 
     འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་མཚོ་སྔོན་དང་ཤིན་ཅང་། བོད་བཅས་ས་ཁུལ་གསུམ་གྱི་གཙོད་ཀྱི་གྲངས་འབོར་ཁྲི་30ཙམ་དུ་ཕྱིན་ཡོད་པ་དང་། གཙོད་སྲུང་སྐྱོང་གི་རིམ་པ་དེའང་ཚར་ཉེན་ཡོད་པའི་སྲོག་ཆགས་ནས་མི་རིང་བར་ཚར་ཉེན་ཡོད་པའི་སྲོགས་ཆགས་སུ་གྱུར་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1