རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོས་དམངས་འཚོ་ཚོང་རྫས་མཁོ་འདོན་དང་རིན་གོང་གཏན་འཇགས་བྱ་བ་ལེགས་པོར་སྒྲུབ་པར་བཀོད་སྒྲིག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 08-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་རྒྱུས་ལོན་པ་ལྟར་ན། ཉེ་དུས་ཧོ་ནན་སོགས་ས་གནས་སུ་ཆུ་ལོག་རྒྱུགས་པའི་གནོད་འཚེའི་ཤུགས་རྐྱེན་དང་། རྒྱལ་ནང་གི་ཞིང་ཆེན་མང་ཤོས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ས་གནས་རང་གི་ནད་པ་བྱུང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། ས་གནས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། དམངས་འཚོ་ཚོང་རྫས་མཁོ་འདོན་དང་། རིན་གོང་སྤྱིའི་ཆ་ནས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་ཆེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་བརྡ་སྦྱོར་བཏང་སྟེ། ས་གནས་སོ་སོས་དམངས་འཚོ་ཚོང་རྫས་མཁོ་འདོན་དང་རིན་གོང་གཏན་འཇགས་བྱ་བ་ལེགས་པོར་སྒྲུབ་པར་བཀོད་སྒྲིག་བྱས།
        བརྡ་སྦྱོར་ལས་ས་གནས་སོ་སོས་ཚོང་རའི་རིན་གོང་ལྟ་སྐུལ་ཚད་ལེན་སྔོན་བརྡར་ཤུགས་བསྣོན་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཚོང་ར་དང་རིན་གོང་གི་འགྱུར་ལྡོག་ལ་རྗེས་འདེད་བྱས་ནས། དུས་ཐོག་ཏུ་ཆུ་ལོག་གནས་ཚུལ་དང་རིམས་ནད་འགྱུར་ལྡོག་གི་ཤུགས་རྐྱེན་ཁོང་དུ་ཆུད་པར་བྱས་ཏེ། གནས་བབ་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣོན་དང་དམངས་འཚོ་ཚོང་རྫས་མཁོ་འདོན་སྡེབ་སྒྲིག་བྱ་བར་རྩ་འཛུགས་བྱས་ཏེ། གནད་འཁེལ་གསོག་ཉར་གྲ་སྒྲིག་བྱས་ནས། གོང་བདེའི་ཚོང་ཁང་གི་བྱེད་ནུས་འདོན་སྤེལ་གྱིས། དམངས་འཚོ་ཚོང་རྫས་ཚོང་རའི་མཁོ་འདོན་དང་རིན་གོང་འཕར་བའི་གནས་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་པ་དང་།གནོད་ཤུལ་ཐོན་སྐྱེད་སླར་གསོར་དམ་འཛིན་བྱེད་པ། བྱེད་ཐབས་སྣ་ཚོགས་སྤྱད་དེ་གནོད་འཚེའི་གྱོང་གུད་དམའ་རུ་གཏོང་བ། དེ་མིན་ཨ་ཧྥེ་རི་ཁ་གླིང་གི་ཕག་ནད་སོགས་སྲོག་ཆགས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་བསྣན་ནས། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་ཟོག་རིན་གོང་འཕར་བ་དང་མཉམ་འབྲེལ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱེད་པ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དཀའ་ངལ་མང་ཚོགས་ཀྱི་འཚོ་བ་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་པ། ཚོང་རའི་རིན་གོང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་དང་ཚོང་རའི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། དྲང་ཕྱོགས་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་དུས་ཐོག་ཏུ་དམངས་འཚོའི་ཚོང་རྫས་ཐོན་སྐྱེད་དང་ཚོང་ར། རིན་གོང་བཅས་ཀྱི་བརྡ་འཕྲིན་ཁྱབ་སྒྲོག་བྱས་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་ནས། ཕན་ནུས་ལྡན་པའི་སྒོ་ནས་ཚོང་རའི་སྔོན་དཔག་དུས་སྐབས་གཏན་འཇགས་ཡོང་བར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1