མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོས་དམངས་འཚོའི་རྨང་གཞི་ཇེ་བརྟན་དུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 08-13


        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཡོད། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཕ་རི་ཚོགས་ཆུང་གིས་ཡུལ་དེའི་ཐོན་ཁུངས་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་གྲོང་གསེབ་དར་རྒྱས་ཀྱི་དམངས་འཚོའི་རྨང་གཞི་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་འགོ་འཛུགས་སར་བྱས་ནས་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་། ཐོན་ལས་འཕེལ་རྒྱས་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་རིམ་གྱིས་མང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ཡོད།
        གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་ཚུན། དག་པ་གྲོང་ཚོའི་ཕ་རི་ཚོགས་ཆུང་གིས“ཁག་གཅིག་བྱས་པ་ལྔ”དང་། “གནད་སྨིན་དྲུག” “བྱ་ཐབས་ཁག་དྲུག”དོན་འཁྱོལ་ཧུར་ཐག་བྱས་པ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས“རིག་སྐྱོར་བློ་སྐྱོར”གཏིང་ཟབ་སྤེལ་ཡོད། 2016ལོར་དབུལ་པོའི་དུད་ཚང་15ཡི་མི་62ཀྱིས་རང་མོས་ངང་དབུལ་སྒྲོལ་འདུན་ཞུ་ཕུལ་བ་དང་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3345ཡན་ཟིན་ཡོད། 2017ལོར་དབུལ་པོའི་དུད་ཚང་12ཀྱི་མི་58ཀྱིས་རང་མོས་ངང་དབུལ་སྒྲོལ་འདུན་ཞུ་ཕུལ་བ་དང་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3915ཡན་ཟིན་ནས་དུད་ཚང་དབུལ་པོ་གཅིག་ཀྱང་ལྷག་མེད། 2020ལོར་ཕ་རི་ཚོགས་ཆུང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་20819ཟིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1