རྒྱ་གར་གྱིས་ཕྱིར་འཐེན་བྱ་རྒྱུ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20


 
    རྒྱ་གར་གྱི་ཕྱི་འབྲེལ་པུས། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོའི་ལས་དོན་མི་སྣ་ཕྱིར་འཐེན་རྒྱུའི་ཐག་བཅད་ཡོད་པ་བརྗོད། 
《རྒྱ་གར་གྱི་མྱུར་འཕྲིན》ཐོག་ཚེས་17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཨ་ལིན་ཏ་མུའུ·པ་ཀེ་ཆི་ཡིས་ཉིན་དེར་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོའི་ལས་དོན་མི་སྣ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་ཡིན་བཤད། 
པ་ཀེ་ཆི་ཡིས་ཉིན་དེར་ཐུའེ་ཐེའི་ཐོག་“མིག་སྔའི་གནས་ཚུལ་ལ་གཞིགས་ན།  རྒྱ་གར་གྱིས་ང་ཚོ་ཁ་པུར་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་དང་དེ་བཞིན་ཁོང་གི་ལས་དོན་མི་སྣ་འཕྲལ་མར་རྒྱ་གར་དུ་གནས་སྤོ་རྒྱུའི་གཏན་འབེབས་བྱས་ཡོད”ཅེས་བཀོད་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1