ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་མཛད་སྒོ་ཐའེ་པེ་ནས་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་མཛད་སྒོའི་ཡུལ་དངོས།

གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་མཛད་སྒོའི་ཡུལ་དངོས།


                    སྤྱི་ཟླ་1པོའི་ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་མཛད་སྒོ་ཐའེ་པེ་ནས་སྤེལ་ཞིང་། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱིས་གོ་མིན་ཏང་ཀྲུང་དབྱང་ཏང་གི་ཀྲུའུ་ཞིའི་འགན་བཞེས་དམ་བཅའ་བཞག འགན་བཞེས་མཛད་སྒོའི་ཐོག ཁོང་གིས་གོ་མིན་ཏང་ཡང་བསྐྱར་ཡར་ལངས་ཏེ། མཉམ་དུ་འབད་བརྩོན་བྱ་དགོས། དེ་རིང་ནས་བཟུང་འབད་བརྩོན་བྱ་དགོས་ཞེས་གསུངས།

              ཉིན་དེའི་སྔ་དྲོའི་དུས་ཚོད་9དང་སྐར་མ་30ཡི་ཐོག་ནས་འགོ་བརྩམས་ཏེ་འགན་བཞེས་མཛད་སྒོ་འཚོགས་ཤིང་། གོ་མིན་ཏང་ཀྲུང་དབྱང་དཔྱད་མོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་ཞུས་ཧྥུའེ་ཏེ་ཡིས་ཀྲུའུ་ལི་ལུན་ལ་ཏང་གི་ཀྲུའུ་ཞིའི་འགན་བཞེས་དཔང་ཡིག་གནང་བ་དང་། ཏང་གི་ཀྲུའུ་ཞིའི་ངོ་ཚབ་པ་ཝུའུ་ཀོ་དབྱི་དང་ཀྲུའུ་ལི་ལུན་གཉིས་ཀྱིས་ཕན་ཚུན་ཐམ་ཀ་བརྗེ་རེས་བྱས། དེ་ནས་ཀྲུའུ་ལི་ལུན་གྱིས་ཏང་གི་དར་ཆ་དང་སུན་ཀྲུང་ཧྲན་གྱི་སྐུ་པར་ལ་ཁ་ཕྱོགས་ཏེ་དམ་བཅའ་བཞག

གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་མཛད་སྒོའི་ཡུལ་དངོས།


               ཀྲུའུ་ལི་ལུན་གྱིས། དེ་རིང་ངས་གཟབ་ནན་སྒོས་ཏང་གི་ཀྲུའུ་ཞིའི་འགན་བླངས་པ་ཡིན། ང་རང་གོ་མིན་ཏང་གི་གཞི་རྩའི་ལམ་ཕྱོགས་དང་བསམ་བློ། ལྟ་ཚུལ་སོགས་ནི་ནམ་ཡང་དམངས་ཕན་གྱི་ཕྱོགས་སུ་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། འོན་ཏེ་སྲིད་ཇུས་འགའ་རེ་སྐུལ་འདེད་བྱས་པར་མ་འདང་ས་དང་ནོར་འཁྲུལ་བྱུང་ཡོད། དེ་བས་ང་ཚོས་དེའི་ཐད་ཡང་བསྐྱར་འཛུགས་སྐྲུན་དང་ཤུགས་སྣོན་བྱ་དགོས་ཞེས་བསྟན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1