ནེ་ཀྲི་རི་ཡཱའི་ནུབ་བྱང་ས་ཁུལ་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་གྲོང་རྡལ་ཆུང་བ་ཞིག་ཏུ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔ་བཅུ་བཙན་ཁྲིད་བྱས་ཟེར། 
        ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞེ་ཧུའུ་ཡིས་ཚེས་ཉེར་གསུམ་ཉིན་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཀུའུ་ཧྲའོ་ནས་སྤེལ་རྒྱུ་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་འཕྲུལ་རྟ་བསྐོར་ནས་མངའ་སྡེ་དེའི་མཱ་ལཱ་ཏུའ་ས་ཁུལ་གྱི་ཀི་ལན་ནཱ་མཱ་ཡེ་གྲོང་རྡལ་དུ་ཡོང་བ་དང་། ས་དེའི་མང་ཚོགས་ལ་མེ་མདས་བརྒྱབ་སྟེ། མི་བཞི་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་དྲག་ཆས་ཉེས་ཅན་གྱིས་སྡོད་དམངས་ལྔ་བཅུ་བཙན་ཁྲིད་བྱས་ཟེར། 
        ཞེ་ཧུའུ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ས་ཁུལ་དུ་དམག་མི་མངག་ནས་ས་དེའི་སྒྲིག་ལམ་སླར་གསོ་བྱེད་བཞིན་ཡོད་པ་དང་། ཞོར་དུ་སྔོག་བཤེར་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1