ཞི་ཅིན་ཕིང་ལུའུ་ཏེན་ས་འགུལ་བྱུང་ཁུལ་དུ་གཟིགས་ཞིབ་ལ་ཕེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


ཞི་ཅིན་ཕིང་ལུའུ་ཏེན་ས་འགུལ་ཁྲོད་ཀྱི་ཞིག་རོའི་རྗེས་ཤུལ་དུ་ཕེབས་ནས་གཟབ་ནན་གྱིས་གཟིགས་ཞིབ་གནང་བཞིན་པ།

          ཞི་ཅིན་ཕིང་གིས་2015ལོར་པེ་ཅིང་དང་ཁ་གྱེས་ནས་རྟོག་ཞིབ་མཛད་ཡུལ་དང་པོ་དེ་ཡུན་ནན་ལུའུ་ཏེན་ས་འགུལ་གནོད་ཁུལ་དུ་བྱས་ཤིང་། སྤྱི་ཟླ་1པོའི་ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ་ཐད་གར་གཡང་གཟར་གྱི་གྲོག་རོང་དུ་ཡོད་པའི་ལུང་ཐོའུ་ཧྲན་གྲོང་རྡལ་གྱི་ས་འགུལ་བྱུང་ཡུལ་དུ་ཕེབས་ཤིང་། སྐབས་དེའི་ས་འགུལ་ཁྲོད་དུ་ཞིག་རོར་གྱུར་པའི་གྲོང་རྡལ་འདིའི་སྲིད་གཞུང་གི་རྗེས་ཤུལ་ལ་གཟིགས་ཞིབ་གནང་ཡོད་པ་དང་། ས་འགུལ་བྱུང་བར་བརྟེན་མཐའ་འཁོར་ཚང་མ་ཞིག་རོས་ཁེངས་པའི་ར་སྐོར་ནང་ཕེབས་ཏེ་ས་འགུལ་ཁྲོད་དུ་མི་རྣམས་ལ་རྨས་སྐྱོན་བྱུང་བ་དང་། འགུལ་འགོག་རྒུད་སྐྱོབ་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད།
            ཞི་ཅིན་ཕིང་གིས། ས་གནས་རང་གིས་ངེས་པར་དུ་དབུལ་སྐྱོར་དང་རྒུད་སྐྱོབ་གཉིས་ཀྱི་ལས་འགན་ཡག་པོར་བསྒྲུབ་དགོས་ཤིང་། དབུལ་སྐྱོར་ལས་ཀ་ནི་2020ལོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་ལས་འགན་གཙོ་བོ་ཡིན་ལ། ཆེས་དཀའ་ཁག་ཆེ་བའི་ལས་འགན་ཞིག་ཀྱང་ཡིན། དེ་བས་ཁ་གཡང་སྒྲོག་པ་དང་ཕྱི་ཚུལ་རིང་ལུགས་གཏན་ནས་བྱ་མི་རུང་བར། ངེས་པར་དུ་དོན་དངོས་ཐོག་ལས་ཀ་ཡག་པོ་བསྒྲུབ་དགོས་ཞེས་གསུངས་ཡོད།


རྩོམ་ཡིག་སྔོན་མ།
༄༅། །འོ་སེ་ཀརྨ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1