གཙང་གསུམ་ཆུ་འགོ་ཁུལ་གྱི་མཛེས་སྡུག་ལྡན་པའི་སྣོད་བཅུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-03


    ཟླ་8ཚེས་31ཉིན། ཡུལ་ཤུལ་དུ་འགྲོ་བའི་ལམ་བར་གྱི་མཛེས་ལྗོངས་ནི་གྲངས་ལས་འདས། ཟླ་8པར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་རྫ་ཆུའི་ཆུ་འགོར་ཕྱོགས་ནས་རྫ་སྟོད་རྫོང་གི་ཁོངས་སུ་སླེབས། ཤང་ཤང་འབབ་པའི་རྫ་ཆུའི་འགྲམ། གཙང་གསུམ་ཆུ་འགོའི་མཛེས་སྡུག་ལྡན་པའི་སྣོད་བཅུད་མིག་ལམ་དུ་མཐོང་། 

   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། མ་དངུལ་སྒོར་དུང་ཕྱུར་73.3བཏང་བའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་ལེགས་སྒྲུབ་བྱས་པ་རེད། ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་སོ་སོར་3.97%དང་61.84%མཐོ་རུ་ཕྱིན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་གྲུབ་འབྲས་གལ་ཆེན་ཐོབ། གཙང་གསུམ་ཆུ་འགོའི་ཆུ་འགོ་ཁུལ“ཀྲུང་གོའི་ཆུ་བཟང”ནང་བདེ་བླག་ངང་ཚུད་ཡོད།  རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་དང་པོ་ལེགས་གྲུབ་བྱུང་ནས་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད། གོམ་སྟབས་རྗེས་མར། ཡུལ་ཤུལ་ཁུལ་གྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་།རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ། ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་།སྣོད་བཅུད་དོ་སྙོམས་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རང་བྱུང་སྣོད་བཅུད་མ་ལག་གི་བརྟན་ལྷིང་རང་བཞིན་དང་སྣོད་བཅུད་ནུས་པ་ཆེ་རུ་བཏང་སྟེ། མི་རབས་ནས་མི་རབས་བར་ཉམས་པ་མེད་པ་དང་སྐྱེ་དངོས་ཐམས་ཅད་ཞི་མཐུན་གྱི་ཁྱིམ་གཞིས་ཤིག་བསྐྲུན་རྒྱུ་རེད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1