༄༅།།ཁམས་རྟའུ་སྨུག་རོང་ཡུལ་གྱི་རི་ཟོར་མཚོ།

ཐུབ་བསྟན་དར་རྒྱས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 09-07


 ཁམས་རྟའུ་སྨུག་རོང་ཡུལ་གྱི་རི་ཟོར་མཚོ།


རི་ཟོར་མཚོ་ཞེས་རྔམས་བརྗིད་ཆེ་ལ་འཇིགས་རུང་གི་ཉམས་ཅན་དབྱིབས་གྲུ་གསུམ་ཅན་ཞིག་ཡོད། ཡུལ་མི་རྣམས་ཀྱིས་མཚོ་དང་ཉེ་བའི་གནས་སུ་ཀི་སྒྲ་དང་སྐད་ཆེན་པོ་སྒྲོགས་པ་དང་ཉེ་འགྲམ་གྱི་ཤིང་སོགས་སྐྱེ་དངོས་ལ་གནོད་པ་གཏོང་བ་སོགས་རྩ་བ་ནས་མི་ཕོད་ཅེས་བཤད། གལ་ཏེ་བྱས་ན་དེ་མ་ཐག་ཐོག་སེར་རྒྱག་པ་སོགས་ཉེན་ཁ་ཆེ་བའི་ལོ་རྒྱུས་བཤད་རྒྱུ་ཡོད། མཚོ་དེའི་ཟུར་གྱི་རིན་ཆེན་སྒྲོལ་མའི་ཕྱོགས་ན་རྡོ་ཕ་བོང་ཞིག་ལ་འུར་རྡོ་རང་བྱོན་ཤིན་ཏུ་གསལ་པོར་ཡོད། འདི་ལ་སྔོན་གྱི་གཏམ་བརྒྱུད་ཅིག་བཤད་རྒྱུ་ཡོད་དེ་རིན་ཆེན་སྒྲོན་མ་དང་དེའི་རྒྱབ་ཟུར་ན་མཛོ་མོ་རི་དང་དེའི་མར་ཙམ་ན་ཤི་ཀེ་མ་རི་བཅས་ཡོད། ཤི་ཀེ་མ་ནི་རིན་ཆེན་སྒྲོལ་མའི་གཡོག་མོ་ཡིན། ཉིན་ཞིག་རིན་ཆེན་སྒྲོན་མས་འུར་རྡོ་བཟུང་ནས་མཛོ་མོ་འཚོ་རུ་སོང།  མཛོ་མོ་ཁྱིམ་དུ་བསླེབས་ནས་གཡོག་མོ་ཤི་ཀེ་མས་བཞོ་དུས་འཛོ་མོས་རྐང་འཕྲ་ཞིག་བརྒྱབ་ནས་གཡོག་མོའི་སོ་ཞིག་བཅད་པས་གཡོག་མོ་ཤི་ཀེ་མའི་རི་ཡི་མགོ་དཀྱིལ་སྟོང་པ་ཆགས་ཡོད་པ་ནི་སོ་ཆད་ཤུལ་ཡིན་ཞེས་བཤད་སྲོལ་ཡོད། ཤི་ཀེ་མ་ནི་སོ་ཆད་མ་ཞེས་པའི་དོན་ཡིན། གོང་གི་འུར་རྡོ་རང་བྱོན་ནི་རིན་ཆེན་སྒྲོན་མའི་ཡིན་པར་བཤད་དོ། །

ཁམས་རྟའུ་སྨུག་རོང་ཡུལ་གྱི་རི་ཟོར་མཚོ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1