ཞི་ཅིན་ཕིང་གིས་སྐབས་32པའི་རྒྱལ་སྤྱིའི་མཁའ་སྐྱོད་ཚན་རིག་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-09



          སྤྱི་ཟླ་9པའི་ཚེས་6ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་32པའི་རྒྱལ་སྤྱིའི་མཁའ་སྐྱོད་ཚན་རིག་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
          ཞི་ཅིན་ཕིང་གིས། མཁའ་སྐྱོད་ཚན་རིག་ནི་དུས་རབས་20ཚུན་དུ་གོང་འཕེལ་འགྲོ་མགྱོགས་ཤོས་དང་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཆེ་ཤོས་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་གྲས་ཤིག་རེད།  དེང་གི་འཛམ་གླིང་ལ་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་།  མཁའ་སྐྱོད་ཚན་རྩལ་ལའང་སྔར་ན་མེད་པའི་གོང་འཕེལ་གྱི་གོ་སྐབས་འཕྲད་ཡོད།  དེར་བརྟེན། གོ་ལའི་མཁའ་སྐྱོད་ཚན་རྩལ་མཉམ་ལས་བྱ་རྒྱུ་དེ་ནི་དགོས་གལ་ཧ་ཅང་ཆེ་ཞིང་མདུན་ལམ་ཆེན་པོ་ལྡན་པ་ཞིག་རེད།  སྐབས་འདིའི་ཚོགས་ཆེན་གྱིས་གོ་ལའི་མཁའ་སྐྱོད་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
          སྐབས་32པའི་རྒྱལ་སྤྱིའི་མཁའ་སྐྱོད་ཚན་རིག་ཚོགས་ཆེན་དེ་ཉིན་ཧྲང་ཧའེ་རུ་འཚོགས་ཤིང་།  རྒྱལ་སྤྱིའི་མཁའ་སྐྱོད་ཚན་རིག་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་མཁའ་སྐྱོད་སློབ་ཚོགས་ཀྱིས་སྒྲུབ་འགན་འཁུར་ཡོད་པ་རེད།  

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1