བཀྲག་མདངས་རབ་ཏུ་འཚེར་བའི་ལྷ་སའི་མཚན་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 09-13



—— ལྷ་ས་གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་སྦྱོར་དང་ཁྲོམ་གཞུང་མཛེས་ལྗོངས་སྒྱུར་བཀོད་ལས་གྲྭའི་སྐོར་གྱི་ཟུར་བྲིས།
བཀྲག་མདངས་རབ་ཏུ་འཚེར་བའི་ལྷ་སའི་མཚན་ལྗོངས།
         ས་སྲོས་མཚམས་སུ། གློག་སྒྲོན་རེ་རེ་ནམ་མཁའི་སྐར་ཚོགས་ལྟར་ལྷ་སའི་ཁྲོམ་གཞུང་ཆེ་ཆུང་དང་། ཐོག་ཁང་། ཚོང་ཁང་སོགས་གང་སར་རིམ་པ་སྟར་ཆགས་སྤར་ནས་གནའ་བོའི་ས་མཐོའི་གྲོང་ཁྱེར་གྱི་གསོན་ཤུགས་དང་སྐྱེ་སྟོབས་རབ་ཏུ་འཕེལ། མཛེས་ལྗོངས་དེ་ཉེ་བའི་ལོ་ཤས་རིང་ལྷ་སར་ལག་བསྟར་བྱས་པའི་གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་སྦྱོར་དང་ཁྲོམ་གཞུང་མཛེས་ལྗོངས་སྒྱུར་བཀོད་ལས་གྲྭའི་གྲུབ་འབྲས་ཤིག་རེད། 《ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད(2009ལོ་ནས་2020ལོའི་བར)》ཀྱི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་གཙོ་བོའི་གཙང་པོའི་རྒྱུད་ཀྱི་སྐྲུན་དངོས་སྣ་ཚོགས་དང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་མ་ལམ་གྱི་གློག་སྒྲོན་སྒྲིག་སྦྱོར་ལས་གྲྭ་ལག་བསྟར་བྱས་པ་དང་། སྒྱུར་བཀོད་བྱས་རྗེས་ཁྲོམ་གཞུང་གི་སྐྲུན་དངོས་བཀྲག་མདངས་རབ་ཏུ་འཚེར་བ་དང་གྱང་ངོས་སྔར་བས་དཀར་གཙང་དོད་དུ་ཕྱིན་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་ཚོན་མདངས་རྣམ་པར་བཀྲ་བའི་ལྷ་སའི་མཚན་ལྗོངས་ཤིག་བཏོད་ཡོད།

གྲོང་མིས་ལྕགས་པོ་རི་སྤྱི་གླིང་དུ་གློག་འོད་འགྲེམས་སྟོན་པར་རྒྱག་བཞིན་པ།
         གྲོང་ཁྱེར་གྱི་གློག་སྒྲོན་ནི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་དོ་དམ་གྱི་ནང་དོན་གལ་ཆེན་ཞིག་རེད། གློག་སྒྲོན་སྒྲིག་སྦྱོར་ལས་གྲྭ་ལག་བསྟར་བྱས་པ་དེས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་དང་། སྤྱི་ཚོགས་བདེ་འཇགས། མི་དམངས་ཀྱི་འཚོ་བ། ཁོར་ཡུག་མཛེས་བཟོ་སོགས་ལ་ནུས་པ་གལ་ཆེན་ཐོན་ནས་གྲོང་ཁུལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་སུ་དང་མཚན་མོའི་མཛེས་ལྗོངས་དེ་བས་མཛེས་སུ་བཏང་བ་མ་ཟད། གྲོང་ཁྱེར་གྱི་གསོན་ཤུགས་ཀྱང་འཕེལ་ནས་གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་དང་ཡུལ་སྐོར་གྱི་གཟུགས་བརྙན་ཡག་པོ་གཏོད་ཡོད། དེའི་ཐད་ནས་བརྗོད་ན་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

མཚན་མོའི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་།
         ཉེ་བའི་ལོ་ཤས་རིང་། ལྷ་སའི་གློག་སྒྲོན་འཛུགས་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་དང་སྦྲགས་གྲོང་ཁྱེར་གྱི་འགྲོ་ལམ་དང་། སྤྱི་གླིང་དང་ཐང་ཆེན། ཐོག་ཁང་། ཟམ་པ་བཅས་ཀྱི་གློག་སྒྲོན་སྒྲིག་སྦྱོར་ཡག་པོ་ཡོང་བའི་ཐད་ནུས་ཤུགས་གང་ཡོད་བཏོན་ཡོད།
         ཉེ་བའི་ལོ་ཤས་རིང་གི་ལྷ་ས་གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་སྦྱོར་ལས་གྲྭར་ཁྱོན་ཡོངས་ནས་བལྟས་ཚེ། བསམ་བཀོད་གསར་གཏོད་དང་། རིག་གནས་དང་སྒྱུ་རྩལ་གྱི་ཕན་འབྲས། གློག་སྒྲོན་ལག་རྩལ་གྱི་དམིགས་ཚད་ནས་LEDགློག་སྒྲོན། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་། མཚན་ལྗོངས་ཀྱི་གློག་འོད་དོ་དམ་སོགས་ཐོག་ནས་ས་ཁོངས་དང་ཁོར་ཡུག་གི་ཁྱད་ཆོས་མི་འདྲ་བ་མངོན་པ་མ་ཟད། མི་ཆོས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གནའ་གྲོང་གི་ཡིད་དབང་འཕྲོག་ཤུགས་དང་དེང་རབས་ཀྱི་ཉམས་འགྱུར་མངོན་ཡོད།

སྐྱིད་ཆུའི་ཐོག་གསར་དུ་བསྐྲུན་པའི་ཧོ་མེ་སེམས་འབྲེལ་ཟམ་པ་དང་སྣེའུ་ཁུལ་གསར་གྱི་མཚན་ལྗོངས།
         གསར་འགོད་པ་པེ་ཅིང་ལམ་དུ་སྐྱོད་སྐབས་ལམ་འགྲམ་སྐྲུན་དངོས་ཀྱི་གྱང་དཀར་དུ་ཕྱིན་པ་མ་ཟད། ཞིབ་ཕྲ་བལྟས་ཚེ་སྐྲུན་དངོས་དེ་དག་གི་སྒེའུ་ཁུང་གི་རི་མོ་ཡང་གསལ་པོ་མཐོང་གི་འདུག་ལ། པེ་ཅིང་ལམ་དང་། ཅང་སུའུ་ལམ། ཉི་འོད་གླིང་ཕྲན་གྱི་ལམ་དུམ་སོགས་ཀྱི་མཚན་ལྗོངས་དེ་བས་མཛེས་སྡུག་ལྡན།
         དེ་སྔོན་འགྲོ་ལམ་དེ་དག་གི་གློག་སྒྲོན་ཚང་མ་ལམ་སྒྲོན་ལ་བརྟེན་དགོས་ཀྱི་ཡོད།
ད་ཆ་བཟོ་པ་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གསར་དུ་སྒྲིག་སྦྱོར་བྱས་པའི་གློག་སྒྲོན་དང་སྔར་ཡོད་ཀྱི་ལམ་སྒྲོན་གཅིག་ལ་གཅིག་བརྟེན་གྱིས་ཁྲོམ་གཞུང་དེ་བས་བཀྲག་མདངས་འཚེར། མཛེས་སྡུག་ལྡན་པའི་ཁྲོམ་གཞུང་གི་མཚན་ལྗོངས་དེ་དག་གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་སྦྱོར་དང་ཁྲོམ་གཞུང་མཛེས་ལྗོངས་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེའི་ནང་གྲོང་ཁུལ་གཙོ་བོའི་གཙང་པོའི་རྒྱུད་དང་དེ་བཞིན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གྱི་མ་ལམ་གཙོ་བོ་ཚུད་ཡོད། དེའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་གཏོང་བ། གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ཆེད་དུ་ཡིན་པ་རེད།

ལྷ་སའི་མ་ཡུར་བྱང་མ་རྔ་ཆེན་དཀྱིལ་ལམ་དུམ་བུའི་མཚན་ལྗོངས།
         ཆུ་སྒོ་གསུམ་པའི་ཟམ་ཆེན་གྱི་གློག་སྒྲོན་འོག་གྲོང་མི་མི་ཉུང་བ་ཞིག་མཛེས་ལྗོངས་ལ་ལྟ་བར་སླེབས་འདུག གློག་སྒྲོན་སྒྲིག་སྦྱོར་ལས་གྲྭ་ལག་བསྟར་བྱས་རྗེས་ཀྱི་གཙང་འགྲམ་སྤྱི་གླིང་དང་དོན་གྲུབ་དངུལ་རྩའི་གྲོང་གིས་ཀྱང་གྲོང་མི་མང་པོའི་ཡིད་དབང་རབ་ཏུ་བཀུག གྲོང་ཁུལ་གྱི་ཁྲོམ་ལམ་དུ་སྐྱོད་སྐབས་ཁང་པ་སྟར་པ་རེ་རེའི་གློག་སྒྲོན་དང་། ཟམ་པ་རེ་རེའི་བཀྲག་མདངས། འགྲོ་ལམ་རེ་རེའི་འོད་སྣང་བཅས་ཀྱིས་གྲོང་ཁྱེར་གསལ་བར་བྱས་པ་མ་ཟད། མི་སེམས་ལ་དེ་བས་དྲོ་སྐྱིད་སྦྱིན།
         “བཀྲག་མདངས་རབ་ཏུ་འཚེར་བའི་ལྷ་ས་གྲོང་ཁྱེར་མཛེས་སྡུག་ལྡན” “གློག་སྒྲོན་སྒྲིག་སྦྱོར་ལས་གྲྭར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགོང་ཟས་ཟས་རྗེས་སྤྱི་གླིང་དང་ཐང་ཆེན་དུ་འཆམ་འཆམ་དུ་ཡོང་ན་སྟབས་བདེ་པོ་འདུག” “གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་སྦྱོར་གྱི་འདུ་འགོད་ལས་མཚན་མོ་གསལ་ཆ་ཆེ་ལ་བདེ་འཇགས་དེ་བས་ཡག” “གྲོང་ཁྱེར་གྱི་འགྱུར་ལྡོག་ཧ་ཅང་ཆེ། མཚན་ལྗོངས་ཇུས་འགོད་དང་གསར་གཏོད་གནང་མཁན་ལས་དོན་པ་རྣམས་དངོས་གནས་སྐུ་ལས་ཁག་སོང”བཅར་འདྲི་བྱེད་རིང་གྲོང་མི་ཚོས་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་གློག་སྒྲོན་སྒྲིག་སྦྱོར་འདུ་འགོད་ཀྱི་གྲུབ་འབྲས་ལ་མོས་བསྟོད་བྱས་པ་མ་ཟད། མཚན་མོའི་མཛེས་ལྗོངས་ལས་ལ་གཞོལ་མཁན་ལ་དེ་བས་མོས་བསྟོད་ཆེ། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1