༄༅།། ཉི་མ་ཚེ་རིང་གི་རི་མོ་བརྩམས་ཆོས་བདམས་བཀོད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15



རྣམ་དཀར་ལྷ་མོས་བསྒྱུར།

        ཉི་མ་ཚེ་རིང་ལགས་ནི་སི་ཁྲོན་འབའ་ཐང་ནས་འཚར་ལོངས་བྱུང་ཞིང་། སི་ཁྲོན་སྒྱུ་རྩལ་སློབ་གླིང་མི་རིགས་འཛིན་གྲྭ་ནས་སློབ་མཐར་ཕྱིན། དེ་ཡང་སྐབས་དགུ་པ་དང་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཡིན་པར་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གི་ལྷ་རིས་པ་དང་། ཀྲུང་དབྱང་རྩོམ་རིག་ལོ་རྒྱུས་ཞིབ་འཇུག་ཁང་གི་དཔེ་མཛོད་པ། སྐབས་དྲུག་པའི་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་དུ་སྐབས་གསུམ་རིང་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་བློ་འདྲི་ས་གནང་བ་དང་། ཀྲུང་གོའི་རྒྱལ་ཁབ་རི་མོ་ཁང་གི་ཞིབ་འཇུག་པ། སློབ་གླིང་ཨུ་ཡོན་དང་། བློ་འདྲི་ས། དེ་མིན་ཀྲུང་དབྱང་རྩོམ་རིག་ལོ་རྒྱུས་ཞིབ་འཇུག་ཁང་ཡིག་རིས་གླིང་གི་ཨུ་ཡོན། ཀྲུང་གོའི་རི་མོ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་གྲངས་ཉུང་མི་རིགས་མཛེས་རྩལ་སྐུལ་སྤེལ་ཚོགས་པའི་མིང་འཛིན་ཚོགས་གཙོ། རྒྱལ་ཁབ་རིམ་པ་དང་པོའི་མཛེས་རྩལ་མཁས་ཅན། སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་སེམས་མཐུན་ཡིག་རིས་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་ཆེད་མཁས་པ་ཡིན།

        2012ལོར། ཉི་མ་ཚེ་རིང་ལགས་ལོན་ཏོན་ཨོ་ལིན་ཕི་ཁེ་མཛེས་རྩལ་ཚོགས་ཆེན་གྱི་སྒྱུ་རྩལ་མཛུབ་སྟོན་ཨུ་ལྷན་གྱི་སྤྱི་ཁྱབ་བློ་འདྲི་ཡུལ་དུ་གདན་ཞུ་བྱས་པ་དང་། 2015ལོར་ཀྲུང་ཧྭ་རིག་གནས་སྐུལ་སྤེལ་ཚོགས་པའི་ཀྲུང་ཧྭ་རིག་གནས་མི་སྣ་རུ་བདམས་ཐོན་བྱུང་།དེ་ཡང་སྔ་རྗེས་སུ་ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་ཀྱི་རྒྱལ་ཁབ་དང་ས་གནས་20ཀྱི་དངོས་མང་བཤམས་སྟོན་ཁང་དང་། མཛེས་རྩལ་ཁང་་སོགས་ནས་མི་སྒེར་གྱི་རི་མོ་འགྲེམ་སྟོན་ཆེ་གྲས་དང་མུ་འབྲེལ་འགྲེམ་སྟོན་སྤེལ། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཕྱི་འབྲེལ་པུའུ། རིག་གནས་པུའུ་སོགས་ཀྱི་གཟེངས་བསྟོད་ཐོབ་པར་མ་ཟད། སི་ཁྲོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་དམིགས་བསལ་གྱི་གཟི་བརྗིད་དཔང་ཡིག་གནང་། ཁོང་གི་བརྩམས་ཆོས་ལ་རྒྱལ་ཡོངས་ཀྱི་འགྲེམ་སྟོན་ཆེ་གྲས་སུ་ཞུགས་ཏེ་རྒྱལ་ཡོངས་རང་བཞིན་གྱི་མཛེས་རྩལ་འགྲེམ་སྟོན་གྱི་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ་ཐོབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་གནང་བ། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་མཛེས་རྩལ་པ་ཞེས་པའི་གཟེངས་རྟགས་གནང་བ། སི་ཁྲོན་ཞིང་ཆེན་རིག་རྩལ་མཐུན་ཚོགས་ཀྱིས་ཤེས་སྤྱོད་གཉིས་ལྡན་གྱི་སྒྱུ་རྩལ་པའི་མཚན་སྙན་གནང་བ་རེད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1