སློབ་གྲྭའི་རྩལ་སྦྱོང་ར་བ་ཕྱི་ཕྱོགས་ལ་སྒོ་ཕྱེ་ཆོག་གམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


བློ་མཐུན་རྩོམ་སྒྲིག་པ་ལགས། སློབ་གྲྭ་སོ་སོར་དབྱར་གནང་གཏོང་བའི་སྐབས་སུ། སློབ་གྲྭ་མང་ཤོས་ཀྱི་རྩལ་སྦྱོང་ར་བ་ལྷིང་འཇགས་སེ་ཡོད་པའི་སྣང་ཚུལ་མཐོང་ན། ཀུན་ལ་མི་མེད་ཐང་སྟོང་ཞིག་ཏུ་འབྱོར་ཟིན་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྟེར། ང་ལ་མཚོན་ན་དུས་རྒྱུན་གྲོགས་པོ་དང་མཉམ་དུ་ལག་རྩེད་སྤོ་ལོ་རྩེ་རྒྱུར་ཤིན་ཏུ་དགའ་ཞིང་། ལན་རེར་ལག་རྩེད་སྤོ་ལོ་རྩེ་རུ་མི་འགྲོ་ན་སྔ་མོར་ལངས་ནས་ཞོགས་རྩལ་རྒྱུག་ཏུ་འགྲོ་བ་ཡིན། ངེད་ཚང་གི་ཉེ་འཁོར་དུ་རྩལ་སྦྱོང་ར་བ་ཞིག་ཀྱང་མེད་པས། ང་དང་ངའི་གྲོགས་པོ་གཉིས་སློབ་གྲྭ་རུ་ལག་རྩེད་སྤོ་ལོ་རྩེ་རུ་འགྲོ་འདོད་སྐྱེས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་འདིའི་སྐོར་ལ་འབྲེལ་ཡོད་ཀྱི་གཏན་འཁེལ་བྱས་ཡོད་དམ། ཞེས་བློ་བཟང་གིས།

བློ་མཐུན་བློ་བཟང་ལགས། རང་རྒྱལ་གྱི《དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག》གི་དོན་ཚན་28པའི་གཏན་འཁེལ་ལྟར་ན། “སློབ་གྲྭས་སློབ་གསེང་སྐབས་དང་དུས་ཆེན་གྱི་གུང་གསེང་སྐབས་སུ་སློབ་མར་ལུས་རྩལ་སྒྲིག་ཆས་སྤྱོད་དུ་འཇོག་དགོས། གཞུང་སྒྲུབ་སློབ་གྲྭས་ཧུར་ཐག་གིས་ཆ་རྐྱེན་བསྐྲུན་ཏེ་མང་ཚོགས་ལ་ལུས་རྩལ་སྒྲིག་ཆས་སྤྱོད་དུ་འཇོག་དགོས། རྒྱལ་ཁབ་ཀྱིས་དམངས་སྒྲུབ་སློབ་གྲྭས་མང་ཚོགས་ལ་ལུས་རྩལ་སྒྲིག་ཆས་སྤྱོད་དུ་འཇོག་པར་སྐུལ་མ་གནང་ཡོད།

རྫོང་རིམ་པའི་སྲིད་གཞུང་གིས་མང་ཚོགས་ལ་ལུས་རྩལ་སྒྲིག་ཆས་སྤྱོད་དུ་འཇོག་པའི་སློབ་གྲྭར་རྒྱབ་སྐྱོར་བྱ་དགོས་ཤིང་ད་དུང་མང་ཚོགས་ལ་ལུས་རྩལ་སྒྲིག་ཆས་སྤྱོད་དུ་འཇོག་པའི་སློབ་གྲྭར་འབྲེལ་ཡོད་ཀྱི་འགན་འཁྲིའི་ཉེན་སྲུང་འགྲོ་ལུགས་བསྒྲུབ་དགོས། སློབ་གྲྭས་ལུས་རྩལ་སྒྲིག་ཆས་གཉེར་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་གཞིར་བཟུང་སྟེ། ལུས་རྩལ་སྒྲིག་ཆས་བཀོལ་སྤྱོད་བྱེད་པའི་མང་ཚོགས་ཀྱི་ལག་ནས་དགོས་ངེས་ཀྱི་གྲོན་དངུལ་བླངས་ཆོག་ཅེས་བཀོད་ཡོད།

གལ་ཏེ་ཁྱོད་ཀྱི་ཉེ་འཁོར་གྱི་སློབ་གྲྭས་མང་ཚོགས་ཀུན་ལ་ལུས་རྩལ་སྒྲིག་ཆས་སྤྱོད་དུ་འཇོག་བཞིན་ཡོད་ན། ཁྱོད་སློབ་གྲྭའི་རྩལ་སྦྱོང་ར་བ་རུ་ལག་རྩེད་སྤོ་ལོ་རྩེ་རུ་འགྲོ་ཆོག །གལ་ཏེ་སློབ་གྲྭས་མང་ཚོགས་ལ་རྩལ་སྦྱོང་ར་བའི་སྒོ་ཕྱེས་མེད་ན། ཁྱོད་ཀྱིས་སློབ་གྲྭའི་ཕྱོགས་ལ་རྩལ་སྦྱོང་ར་བ་སྒོ་ཕྱེས་ཆོག་མིན་གྲོས་བྱས་ཆོག །དེ་དང་སྦྲགས་ཏེ་ཁྱོད་ཀྱིས་སློབ་གྲྭར་འོས་འཚམ་གྱི་བཀོལ་སྤྱོད་གྲོན་དངུལ་སྟེར་དགོས།

གལ་ཏེ་མཇུག་མཐར་སློབ་གྲྭ་དང་ཁྱེད་གཉིས་བར་དུ་གྲོས་མ་ཡོང་ཚེ། ཁྱོད་སློབ་གྲྭའི་རྩལ་སྦྱོང་ར་བ་རུ་འགྲོ་མི་ཆོག །ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1