ཚན་རྩལ་གྱིས་ཞིང་ལས་ལ་རོགས་རམ་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-28


     མི་དམངས་དྲ་བ་ལྷ་ས་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་སུ་ཞོག་ཁོག་འདེབས་པའི་ལོ་རྒྱུས་རྒྱུན་རིང་པོ་ཡོད་ལ། བོད་རིགས་མང་ཚོགས་ཧ་ཅང་དགའ་མོས་ཡོད་པའི་འབྲུ་རིགས་དང་སྔོ་ཚལ་མཉམ་དུ་སྤྱོད་པའི་ཟས་རིགས་ཤིག་ཡིན། བོད་ལྗོངས་ཀྱི་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་24ཙམ་ཟིན་ཞིང་། ས་བོན་གྱི་གྲུབ་ཆ་རྐྱང་པ་དང་ཞན་འགྱུར་ཚབས་ཆེ་བའི་དབང་གིས་སྤུས་ལེགས་ཐོན་མཐོའི་ས་བོན་དཀོན་པ་དང་། འདེབས་པའི་ལག་རྩལ་རྗེས་ལུས་ཡིན་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཡོད་པས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཐེབས་ཡོད་པ་རེད། 


     ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཞོག་ཁོག་ཐོན་ལས་ལག་རྩལ་མ་ལག་ལྷ་སའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་སུ་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡིས་རྟེན་གཞིའི་སྡེ་ཚན་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཞིང་ལས་ལ་རོགས་རམ་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ་དང་། ཐོན་འབབ་མཐོ་བ་དང་སྤུས་ལེགས་ཞོག་ཁོག་གི་སྣ་ཁ་གསར་པ་ལེགས་འདེམས་དང་འཕྲུལ་ཆས་ཀྱིས་འདེབས་པ་དང་འཕྲུལ་ཆས་ཀྱིས་བསྡུ་ལེན་བྱེད་པའི་འཕྲུལ་ཆས་ཆུང་འབྲིང་གོ་རིམ་ཧྲིལ་པོ་ཅན་སོགས་ཀྱི་ལག་རྩལ་ཚོད་ལྟ་བྱས་ནས་བོད་ལྗོངས་ས་ཁུལ་གྱི་སྣ་ཁ་རྐྱང་པ་དང་། སྤུས་ལེགས་ཐོན་མཐོའི་སྣ་ཁ་ཉུང་བ། ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཞོག་ཁོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1