ལི་ཁེ་ཆང་གིས་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གསར་འགྱུར་གསར་ཤོས། ལི་ཁེ་ཆང་གིས་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ། 2021-10-12 16:43:00 责编:sangjzm འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ སྤེལ་དུས། 10-13


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁེ་ཆང་གིས་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ནུས་ཁུངས་བསྒྱུར་བཅོས་གོང་འཕེལ་ལས་དོན་ཐད་ལ་བཀོད་སྒྲིག་གནང་བ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དེང་རབས་ནུས་ཁུངས་མ་ལག་གི་འཆར་འགོད་དང་ནུས་ཁུངས་ཀྱི་ཐཱན་རྩེ་གྲངས་ལ་སླེབས་པའི་ལག་བསྟར་ཇུས་གཞི་སོགས་ལ་གྲོས་ཞིབ་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
        ལི་ཁེ་ཆང་གིས། ནུས་ཁུངས་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག རང་ངོས་རང་སྤེལ་གྱི་ནུས་ཁུངས་གོང་འཕེལ་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་ཡོད། གནས་བབ་གསར་པ་དང་འགྲན་རྩོད་གསར་པའི་མདུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། གོང་འཕེལ་གྱི་དུས་རིམ་གསར་པར་རྐང་པ་ཚུགས་པ་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པ་བྱེད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བླང་བྱ་བཅས་ལ་གཞིགས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་ནས་འགོ་རྩོམ་པ་དང་འཕར་སྣོན་བརྟན་པོ་ཡོང་བ་དང་གྲུབ་ཆ་ལེགས་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པ། ནུས་ཁུངས་ཁྱབ་ཁོངས་ཀྱི་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་ཟབ་ཏུ་གཏོང་བ། ནུས་ཁུངས་སྦགས་མེད་དང་ཐཱན་ཉུང་གཞན་བསྒྱུར་ལ་སྐུལ་འདེད་གཏོང་བ། བདེ་འཇགས་འགན་སྲུང་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱིས་དེང་རབས་ཅན་གྱི་འཛུགས་སྐྲུན་ཆེད་དུ་སྲ་ཞི་བརྟན་པའི་འདེགས་སྐྱོར་ཞིག་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
        ལི་ཁེ་ང་གིས། རང་རྒྱལ་ནི་སྔར་བཞིན་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། དེང་གི་དུས་རིམ་ནང་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཁུངས་ཀྱི་དགོས་མཁོ་ནི་རྒྱུན་མཐུད་འཕར་སྣོན་འགྲོ་བ་དང་གཡོལ་ཐབས་མེད་པས་ངེས་པར་དུ་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་དེང་རབས་ནུས་ཁུངས་མ་ལག་འཛུགས་དགོས་པ་དང་། རང་བདག་མཁོ་སྤྲོད་ནུས་པ་མཐོ་རུ་གཏོང་དགོས། རྡོ་སོལ་གྱི་གཙོ་བོར་བྱེད་པའི་ཐོན་ཁུངས་ཀྱི་རང་སྤུས་ལ་བརྟེན་པའི་རྡོ་སོལ་བེད་སྤྱོད་པའི་ལས་ཆོད་མཐོ་རུ་གཏོང་རྒྱུར་དམིགས་ཏེ། སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནུས་ཁུངས་ཚན་རྩལ་གྱི་འགག་སྒྲོལ་ཤུགས་ཆེར་གཏོང་དགོས་ཞེས་བསྟན་གནང་བ་རེད།
        ལི་ཁེ་ཆང་གིས། ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམ་ནི་རང་རྒྱལ་དཔལ་འབྱོར་སྤོ་བསྒྱུར་རིམ་སྤོར་དང་ཐུན་མོང་ཐོག་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་དགོས་མཁོ་ཡིན། ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཐཱན་ཉིས་གྲངས་ཀྱི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱེད་དགོས་ཤིང་། འདི་ནི་ངེས་པར་དུ་ཡུན་རིང་དཀའ་སྤྱད་དང་འབད་འཐབ་ཚད་མེད་བྱེད་དགོས་ཀྱི་ཡོད། ཐཱན་རྩེ་གྲངས་ལ་སླེབས་པའི་གོམ་སྟབས་དུས་ཚོད་རེའུ་མིག་གི་ལམ་ཐིག་དཔེ་རིས་བཏོན་པ་རིགས་པས་ཁུངས་སྐྱེལ་གང་ལེགས་བྱེད་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་དང་སྔོན་ལ་མི་ཤོར་བ་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་ནས་འགོ་རྩོམ་པ་དང་ས་ཆ་འགའ་ཤས་སུ་གཅིག་དཔེ་བརྒྱ་འགེབས་ཀྱི་གློག་དང་ཐོན་སྐྱེད་ཚད་བཀག་བྱེད་རིགས་སམ་ཡང་ན་འགུལ་རྣམ་རྣམ་པས་ཐཱན་ཉུང་བྱེད་རིགས་ཡོ་བསྲང་བྱས་ཏེ། བྱང་ཕྱོགས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་དུས་ཤིག་སྐྱེལ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ནུས་ཁུངས་གཙང་མའི་བསྡུར་གྲངས་མཐོ་རུ་གཏོང་རྒྱུ་དང་། དེ་བས་མང་བའི་ཁྲོམ་རའི་སྒྲིག་གཞིར་བརྟེན་ནས་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་། ཐཱན་ཉུང་འཕྲི་བཅས་ལ་སྐུལ་འདེད་ཀྱིས་སྦགས་མེད་གོང་འཕེལ་གྱི་ནུས་པ་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1