2021ལོའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་ཡུས་ཧྲུའུ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-20


        ཟླ་བ་10པའི་ཚེས་19ཉིན། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་རོགས་གཉེར་བྱས་པའི་2021ལོའི་ཀྲུང་གོའི་མི་རིགས་ཡིག་བསྒྱུར་ཅུས་ཀྱི་བོད་སྐད་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་ཚོགས་འདུ་དེ་ཡུལ་ཤུལ་དུ་འཚོགས། ཡུལ་ཤུལ་ཁུལ་ཨུའི་འཐབ་འགྱུར་པུའུ་ཡི་པུའུ་ཀྲང་ལི་ཧྥུ་ཏ་ཡིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་མི་རིགས་ཡིག་བསྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་གསུང་བཤད་གནང་། ཀྲུང་གོའི་མི་རིགས་ཡིག་བསྒྱུར་ཅུས་ཀྱི་བོད་ཡིག་ཁང་གི་ཀྲུའུ་རེན་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།


        པེ་ཅིང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནས་ཕེབས་པའི་ཆེད་མཁས་པ་༣༠ལྷག་གིས་རྗེས་མའི་ཉིན་གཉིས་ནང་ཐ་སྙད་གསར་པ་300ལྷག་གཅིག་གྱུར་གཏན་ཁེལ་བྱ་རྒྱུ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1