ལྷ་ས་གྲོང་ཁྱེར་འབྲོམ་སྟོད་ཤང་གི་གུར་གུམ་ལ་ལོ་ལེགས་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-27



     མི་དམངས་དྲ་བར་ལྷ་ས་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། སྟོན་དུས་ཀྱི་ཟླ་བཅུ་བར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་སྟོད་ཤང་གི་གུར་གུམ་ལ་མེ་ཏོག་བཞད་ནས་ལོ་གཅིག་གི་ལོ་ལེགས་ཀྱི་དུས་སུ་སླེབས་ཡོད། 

གུར་གུམ་འདེབས་འཛུགས་བྱས་པ་ལས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་སྐུལ་འདེད་བྱེད་པར་གསོན་ཤུགས་ཐོབ་པ་རེད། གུར་གུམ་འདེབས་འཛུགས་བྱ་རྒྱུ་དེ་དུས་ཚིགས་རང་བཞིན་གྱི་ལས་མི་དགོས་པ་ཞིག་ཡིན་པས། བཟོ་པ་མང་ཆེ་བ་ནི་ཉེ་འཁོར་གྱི་ཞིང་དུད་ཡིན་ཞིང་། ལས་མི་བཀོལ་སྤྱོད་བྱེད་མང་བའི་དུས་སུ་འབྲོམ་སྟོད་ཤང་དུ་ཉིན་རེར་ཆ་སྙོམས་ལས་མི་སྤྱོད་ཚད་20ཟིན་པ་དང་ཉིན་རེར་གླ་ཕོགས་སྒོར་140ཟིན་གྱི་ཡོད། ཞིང་དུད་དེ་དག་གི་ངོས་ནས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་ཆབས་ཅིག་ཞིང་ལས་ལ་ལྟ་རྟོག་ཐུབ་པ་དེ་ཡོང་འབབ་ཁག་གཉིས་རག་པ་ཞིག་ཡིན་པ་སྙམ་གྱི་ཡོད་པ་རེད། 


     གཞན་ཡང་། བོད་རང་སྐྱོང་ལྗོངས་གུར་གུམ་ཐོན་ལས་གསར་སྤེལ་ཚོང་ཚོགས་ཀྱིས་ད་དུང་རིན་པ་མི་ལེན་པའི་སྒོ་ནས་ཞིང་དུད་ལ་གུར་གུམ་གྱི་ས་བོན་མཁོ་འདོན་བྱས་ནས་ཁོང་ཚོར་རང་མོས་ངང་འདེབས་འཛུགས་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་འཇུག་གི་ཡོད། ཚོང་ཚོགས་དེའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གུར་གུམ་གྱི་ཐོན་རྫས་དེ་ད་དུང་ཐོག་མའི་ལས་སྣོན་དུས་མཚམས་སུ་གནས་པ་དང་སླད་ཕྱིན་ལས་སྣོན་ཞིབ་ཚགས་བྱ་རྩིས་ཡོད་པ་དཔེར་ན། གུར་གུམ་གྱི་བག་ལེབ་དང་མཛེས་འདོན་བྱུགས་རྫས་སོགས་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1