ད་ལོའི་ཟླ1པོ་ནས9བའི་བར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3688ལྷག་སྣེ་ལེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 10-28




པར་འདི་ནི་ཟླ10པའི་ཚེས15ཉིན“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”བྱ་འགུལ་མགོ་ཚུགས་རྗེས་རིན་མེད་སྒོས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་དུ་བཅུག་པའི་རྣམ་པ་རེད།
          ཚེས22ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ1པོ་ནས9བའི་བར་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3688.71སྣེ་ལེན་བྱས་པ་དེ་དུས་མཉམ་ལས15.2%འཕར་བ་དང་། 2019ལོའི་དུས་མཉམ་ལས0.7%མར་ཆག་ཡོད། ཡུལ་སྐོར་བ་སྣེ་ལེན་ཞུ་བའི་གོ་རིམ་ཁྲོད། རྒྱལ་ཕྱིའི་ཡུལ་སྐོར་བ་མི་ཐེངས6181སྣེ་ལེན་བྱས་པ་དེ་དུས་མཉམ་ལས164.9%འཕར་བ་དང་། 2019ལོའི་དུས་མཉམ་ལས98.3%མར་ཆག་ཡོད། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3688.09སྣེ་ལེན་བྱས་པ་དེ་དུས་མཉམ་ལས15.2%འཕར་བ་དང་། 2019ལོའི་དུས་མཉམ་ལས0.3%འཕར་སྣོན་བྱུང་ཡོད།
          ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར424.04ཟིན་པ་དེ་དུས་མཉམ་ལས26.6%འཕར་བ་དང2019ལོའི་དུས་མཉམ་ལས20.1%མར་ཆག་ཡོད། དེའི་ནང་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི368ཟིན་པ་དེ་དུས་མཉམ་ལས43.0%འཕར་བ་དང་། 2019ལོའི་དུས་མཉམ་ལས98.4%ཆག་པ། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར423.79ཟིན་པ་དེ་དུས་མཉམག་ལས26.6%འཕར་བ་དང2019ལོའི་དུས་མཉམ་ལས17.8%མར་ཆག་ཡོད།

པར་འདི་ནི་གཙུག་ལག་ཁང་ཐང་ཆེན་དུ་ཡུལ་སྐོར་བས་པར་ལེན་བཞིན་པའི་རྣམ་པ་རེད། 
          ཟླ1པོ་ནས9བའི་བར་བོད་ལྗོངས་ཀྱིས་ཉིན་གཅིག་གི་ཡུལ་སྐོར་བ་བསྡོམས་པས་མི་ཐེངས་ཁྲི1639.49སྣེ་ལེན་བྱས་པ་དེ་དུས་མཉམ་ལས19.3%འཕར་བ་དང2019ལོའི་དུས་མཉམ་ལས13.4%མར་ཆག་ཡོད།
          ཟླ10པའི་ཚེས15ཉིན་ནས་ཟླ12པའི་ཚེས31ཉིན་བར་བོད་ལྗོངས་ཀྱིས2021ལོའི་རེས་སྐོར་བཞི་པའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ”ཞེས་པའི་ཁྲོམ་རའི་སྐུལ་སྤེལ་བྱ་འགུལ་སྤེལ་མགོ་ཚུགས་ཤིང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད་ལྗོངས་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མར་རིན་མེད་སྒོས་གཟིགས་སྐོར་བྱས་ཆོག
          ཤེས་གསལ་ལྟར་ན། གོང་གི་རེས་སྐོར་གསུམ་པའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ”ཞེས་པའི་བྱ་འགུལ་དང་བསྡུར་ན། ཐེངས་འདིའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ”ཞེས་པའི་ཁྲོམ་རའི་སྐུལ་སྤེལ་བྱ་འགུལ་གྱིས་དུས་མགོར་ལྗོངས་ཡོངས་ཀྱི་མཛེས་ལྗོངས་ཁུལ(ས་ཚིགས)དང་། མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་། ཡུལ་སྐོར་འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་བཅས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་བསམ་འཆར་དང་གྲོས་འགོ་དང་ལེན་བྱས་པས། སྲིད་ཇུས་བྱེད་ཐབས་ཀྱི་ཁྱབ་རྒྱ་ཆེ་བ་དང་གཟིགས་སྐྱོང་བྱེད་ཚད་ཆེ་བ། བྱ་དགའ(ཁ་གསབ་དངུལ)སྤྲོད་པའི་ཁྱབ་ཁོངས་རྒྱ་སྐྱེད་པ། བྱ་དགའ(ཁ་གསབ་དངུལ)གྲངས་ཚད་ཇེ་མཐོར་བཏང་བ་སོགས་བཀྲག་མདངས་འཚེར་ས་མང་བོ་ཡོད།  །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1