ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་མི་དམངས་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 10-29




གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། མི་དམངས་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ་100འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་འབྲེལ། དཔེ་སྐྲུན་ཁང་གི་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
        ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་ངོ་100ཡི་རིང་། མི་དམངས་དཔེ་སྐྲུན་ཁང་གིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་དང་། ཏང་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན། ཆུ་ཚད་མཐོ་བའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གསུང་རྩོམ་བཅས་འབོར་ཆེན་དཔེ་སྐྲུན་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བརྒྱུད་བསྒྲགས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་པ་རེད།
        ཞི་ཅིན་ཕིང་གིས་མི་དམངས་དཔེ་སྐྲུན་ཁང་ལ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ་མར་ཁེ་སི་རིང་ལུགས་དང་ཏང་གི་གསར་གཏོད་རིགས་གཞུང་བརྒྱུད་བསྒྲགས་བྱེད་པ་དང་། མི་དམངས་ཆེད་དུ་དེབ་ཡག་པོ་དཔེ་སྐྲུན་བྱེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཧུར་ཐག་མངོན་པ་དང་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་སྒྱུར་བཅོས་གསར་གཏོད་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
        ཚེས་26ཉིན་གྱི་ཕྱི་དྲོར་ཏང་གི་དཔེ་སྐྲུན་བྱ་གཞག་དར་རྒྱས་གཏོང་བ་དང་མི་དམངས་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ་100འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་བརྒྱུད་བསྒྲགས་བྱེད་པའི་སྲ་བརྟན་གྱི་གཡུལ་ས་བརྟན་དུ་གཏོང་བ། མི་དམངས་ལ་བསྟོད་གླུ་འབུལ་བ་དང་དུས་རབས་ཟིན་ཐོ་འགོད་པའི་བཀྲག་མདངས་འཚེར་བའི་ཚད་ཤིང་བྱེད་རྒྱུར་བརྩོན་ལེན་བྱེད་པ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་སྐྱེད་སྲིང་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་རིག་གནས་ཀྱི་མཐོ་ས་གཏོད་པ། ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པའི་དཔེ་སྐྲུན་གྱི་གནས་གལ་ཆེན་གཏོད་པ། ཀྲུང་ཕྱིའི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཤེས་བྱའི་འབྲེལ་ཟམ་གཏོད་པ་བཅས་བྱས་ནས་ཏང་གི་དཔེ་སྐྲུན་བྱ་གཞག་ལ་འོད་སྟོང་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
        མི་དམངས་དཔེ་སྐྲུན་ཁང་གི་འགན་འཁུར་བ་དང་། རྩོམ་པ་པོ། དཔེ་སྐྲུན་ལས་རིགས་ཀྱི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད།
        མི་དམངས་དཔེ་སྐྲུན་ཁང་1921ལོའི་ཟླ་9པར་བཙུགས་པ་དང་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་དཔེ་སྐྲུན་སྒྲིག་གཞི་དང་པོ་དེ་རེད། ལོ་ངོ་100ཡི་རིང་མི་དམངས་དཔེ་སྐྲུན་ཁང་གིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་དང་། ཏང་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གསུང་རྩོམ་བཅས་དཔེ་སྐྲུན་བྱ་རྒྱུ་དེ་གཞི་རྩའི་ལས་འགན་ལ་བརྩིས་པས་ཆབ་སྲིད་རང་བཞིན་གྱི་ཀློག་དེབ་དང་། རིགས་པའི་གཞུང་ལུགས་རང་བཞིན་གྱི་ཀློག་དེབ། གོ་བདེ་བའི་ཀློག་དེབ་བཅས་དཔེ་སྐྲུན་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ལ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1