མཛེས་སྡུག་ཡིད་དུ་འོང་བའི་འདམ་ར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-09


     བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཡོད་པའི་སྨི་ཏེ་ཁ་འདམ་ར་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་གཞི་གཅིག་ཅན་གྱི་ས་མཐོའི་འདམ་རའི་གྲས་ཤིག་རེད། འདམ་ར་དེར་རྒྱ་ཁྱོན་སྤྱི་ཆིང་43496དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4900ཡོད་ཅིང་། ས་མཐོའི་མཚེའུ་འདམ་རའི་ཁོངས་སུ་གཏོགས་པ་དང་ས་གནས་དེའི་ས་ཆུ་སྲུང་སྐྱོང་དང་། དུས་ཚིགས་རང་བཞིན་གྱི་ཆུ་ལོག་འགོག་པ་སོགས་ཀྱི་ཕན་པ་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་སྨི་ཏེ་ཁའི་འདམ་ར་སྲུང་སྐྱོང་བྱས་ཡོད། ལྷ་ས་སྐྱིད་ཆུའི་ཆུ་འགོའི་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་སྨི་ཏེ་ཁའི་འདམ་རར་སྐྱེ་ཁམས་གསང་སྤྱོད་དང་། གཞུང་ལམ་སྐོར་སྲུང་། ས་མཚམས་དབྱེ་བ། མཚམས་རྡོ་འཇོག་པ། མཚོན་རྟགས་བསྒར་བ་སོགས་བྱས་ཡོད་པ་དང་། གཞན་ཡང་སྨི་ཏེ་ཁའི་འདམ་རའི་ནང་དུ་སྐོར་སྲུང་ས་ཚིགས་མང་པོ་བཙུགས་ཡོད་པ་དང་སྐོར་སྲུང་མི་སྣས་དུས་བཀག་ལྟར་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་སྐོར་གཡེང་བྱས་ནས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་བྱེད་ཀྱི་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1