ལི་ཁེ་ཆང་དང་ཧྥ་རན་སིའི་ཙུང་ལི་ཝར་སི་རྣམ་གཉིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་50ལོན་པའི་རྗེས་དྲན་མཛད་སྒོ་མཇུག་བསྡུ་བའི་ཐོག་མཉམ་ཞུགས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-03


              སྤྱི་ཟླ་1པོའི་ཚེས་30ཉིན་གྱི་དགོང་མོར། ལི་ཁེ་ཆང་དང་ཧྥ་རན་སིའི་ཙུང་ལི་ཝར་སི་རྣམ་གཉིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་50ལོན་པའི་རྗེས་དྲན་མཛད་སྒོ་མཇུག་བསྡུ་བའི་ཐོག་མཉམ་ཞུགས་གནང་ཞིང་། ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་།

            རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས། ཀྲུང་གོ་དང་ཧྥ་རན་སི་ནི་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་ལྡན་པའི་རིག་གནས་མངའ་བའི་རྒྱལ་ཁབ་རླབས་ཆེན་གཉིས་ཡིན་ཞིང་།  ལོ་50སྔོན།  རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པའི་སྐབས། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས་འབྲེལ་བ་ལོ་རྒྱུས་ཀྱི་ལམ་ཚད་གསར་བ་ཞིག་འབྱེད་པ།  ལོ་ངོ་50འདིའི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཕྱི་འབྲེལ་གྱིས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བར་དམིགས་དཔེ་ཡག་པོ་བཞག་ཡོད། འདས་པའི་ལོ་ངོ་གཅིག་གི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཁྱབ་ཁོངས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀྱིས་ཐེངས་800ལྷག་ལ་གསར་གཏོད་རང་བཞིན་དང་ཕུན་སུམ་ཚོགས་པའི་ཕྱི་འབྲེལ་བཙུགས་པའི་དྲན་གསོའི་བྱེད་སྒོ་སྤེལ་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་མི་དམངས་ཕན་ཚུན་ལ་མཛའ་བརྩེའི་འབྲེལ་ལམ་བརྟན་པོ་ཡོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1