ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅེ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-04


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅེ་ལ་མཇལ་འཕྲད་གནང་བཞིན་པ།

             སྤྱི་ཟླ་2པའི་ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅེ་ལ་མཇལ་འཕྲད་གནང་ཞིང་། མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཆབ་སྲིད་ཀྱི་ཡིད་ཆེས་དང་གནད་དོན་གལ་ཆེན་ཁ་ཤས་ཐད་ནས་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལ་འབྲེལ་བ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དུས་རབས་གསར་བའི་གོ་སྐབས་དམ་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱ་བ། ཐོན་ལས་ས་ཁུལ་དང་ལྕགས་ལམ་སོགས་འཐབ་ཇུས་རང་བཞིན་གྱི་མཉམ་ལས་སྔ་མོ་ནས་ཡོངས་འགྲུབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དུང་ཕྱུར་ཉེར་ལྔ་ལྷག་ལ་ཁེ་ཕན་བསྐྲུན་དགོས་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1