ཛམ་ཐང་གི་རྡོ་སྟོད་ཡུལ་ཚོས་ཞིང་བ་མང་ཚོགས་ལ་ས་ཞིང་གི་ཡོང་འབབ་ཁྲི60ལྷག་བགོས།

རིན་ཆེན་འཚོ། རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 11-23



        ཉེ་ཆར། ཛམ་ཐང་རྫོང་གི་རྡོ་སྟོད་ཡུལ་ཚོའི་བུ་རྒྱས་སྡེ་བའི་ཁྱིམ་ཚང80ལྷག་ལ་ས་ཞིང་འཁོར་རྒྱུགས་བྱས་པའི་གླ་ཆ་སྒོར་ཁྲི་60་ལྷག་དང་ངལ་རྩོལ་གླ་ཆ་བགོས་པས་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག  
        མཛད་སྒོའི་སྟེང་། ཀུང་སིའི་འགན་ཁུར་བས་ཡུལ་གྲོང་གི་ལས་བྱེད་པའི་རོགས་སྐྱོར་འོག་ཁྱིམ་ཚང་རེ་རེའི་ས་ཞིང་གི་གྲངས་ཚད་ལྟར་མང་ཚོགས་ལ་ཡོང་འབབ་བགོས།
        རྒྱུས་ལོན་པ་ལྟར་ན། རྡོ་སྟོད་ཡུལ་ཚོས་2018ལོར་ཀུང་སི་ནང་འགུག་བྱས་ཏེ་ས་ཞིང་གླས་པ་ཡིན་ལ། དེར་སྲན་མ་དང་གླང་རྔ་། ཚོད་ལོག་སོགས་སྔོ་ཚལ་རིགས་སྣ་ཚོགས་འདེབས་འཛུགས་བྱས་ཡོད། ད་ལྟའི་བར་དུ་གཡུ་ཐོག་སྡེ་བ་དང་སྐྱིད་ར་སྡེ་བ་། བུ་རྒྱས་སྡེ་བ་སོགས་སྡེ་བ་གསུམ་གྱིས་ས་ཞིང་མུའུ་900ལྷག་ཀུང་སིར་གླས་པས་ཕན་ཁེ་ཐོབ་པའི་ཁྱིམ་ཚང་80ལྷག་དང་སྡེ་མི400ལྷག་ཡོད། བུ་རྒྱས་སྡེ་བས་སྡེ་མི་ཆོས་སྐྱབས་ཚང་ནི་ས་ཞིང་འཁོར་རྒྱུས་ཀྱི་འབབ་ཆ་ཐོབ་མང་ཤོས་ཀྱི་ཁྱིམ་ཚང་ཡིན་ལ་ལོ་རེའི་ས་ཞིང་འཁོར་རྒྱུགས་བྱས་པའི་གླ་ཆ་དང་ངལ་རྩོལ་གླ་ཆ་སྒོར་ཁྲི་1ལྷག་ཡིན། 
        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྔོན་ཆད་ས་ཞིང་དུ་འདེབས་འཛུགས་བྱས་པ་སྣ་རྐྱང་དང་ལོ་ཧྲིལ་བོར་ཞིང་ཁ་རུ་འདེབས་འཛུགས་བྱས་པའི་ཡོང་འབབ་ཉུང་མོད། ད་ལྟ་ས་ཞིང་འཁོར་རྒྱུགས་བྱས་པ་ནས་ཡོང་འབབ་ངེས་ཅན་ཞིག་རག་ཐུབ་པ་མ་ཟད་འདེབས་འཛུགས་ཀྱི་ལག་རྩལ་ཀྱང་སློབ་ཐུབ། གཞན་ད་དུང་རི་འགོར་སོང་ནས་སྨན་རྩྭ་སོགས་བརྐོ་བའི་ཁོམ་སྐབས་ཡོད་ལ་ཕྱི་རུ་ཞོར་ལས་ལ་ཡང་འགྲོ་བཞིན་ཡོད། འདི་ལ་དཔལ་འབྱོར་གྱི་ཡོང་འབབ་ངེས་ཅན་ཞིག་ཡོད་པས་མང་ཚོགས་ཀྱིས་ས་ཞིང་འཁོར་རྒྱུགས་ལ་བསྟོད་བསྔགས་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1