ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་རྒྱ་ཆེའི་གཞོན་ནུའི་ཁྲོད་ལན་ཆ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-24


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་རྒྱ་ཆེའི་གཞོན་ནུའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཐོག རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་མོས་བྱེད་མཁན་རྣམ་དག་ཅིག་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱས་ཏེ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་བཅངས་པ་དང་། བླ་ན་མེད་པའི་བསམ་བློའི་འཁྱེར་ཕྱོགས་དོན་གཉེར་བྱེད་པ། ཉམས་སད་ཐེག་ཐུབ་པའི་འགན་འཁུར་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། 
        ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།  གྲོས་ཆོད་ནང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་འབད་འཐབ་བྱས་པའི་མཐའ་འཁྱོངས་བཅུའི་རྩ་ཆེའི་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད་པ་དེས་ཏང་ཡོངས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་ནས་འབྱུང་འགྱུར་གཏོད་ཆེད་བསམ་བློའི་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
        ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གི་ནད་ལྕི་གསོ་རིག་ཁོའོ་ཡི་གཙོ་བཅོས་སྨན་པ་ཀྲའོ་ཁྲུན་ཀོང་གིས་དུས་ཡུན་རིང་པོའི་ནང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་ཀྱི་ཡོད་ཅིང་། ཁོང་གིས་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་མོར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་མྱོང་ཚོར་ཟབ་མོ་ཐུབ་ཡོད། ཁོང་གིས། ང་ཚོས་མུ་མཐུད་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་དང་། གཞོན་ནུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ། ཚན་རིག་དང་མཐུན་ལ་ཞིབ་ཚགས་པའི་བྱ་ཐབས་ཐོག་ནས་སྨན་བཅོས་འགན་ལེན་བྱས་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། 
        མཐའ་འཁྱོངས་བཅུ་ནི་ཏང་དང་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་བསམ་པའི་རྒྱུ་ནོར་ཡིན་ལ་དེ་བས་ཀྱང་རང་རེའི་ཏང་གིས་ཀྲུང་གོའི་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡིན། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། འབད་འཐབ་པ་རྟགས་ཅན་གྱི་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཡེ་ཚུང་གིས། ང་ཚོས་མཐའ་འཁྱོངས་བཅུ་པོ་དེ་དག་བྱ་སྤྱོད་ཀྱི་རྩ་འཛིན་ལ་བརྩིས་ནས་མུ་མཐུད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་ངོ་གནོང་མི་དགོས་པ་དང་རླབས་ཆེན་གྱི་ཕུགས་འདུན་ཆུད་ཟོས་སུ་མི་གཏོང་བའི་གྲུབ་འབྲས་གསར་པ་བཏོད་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། 
        ཁྲུང་ཆིང་འཁོར་ལམ་འགྲིམ་འགྲུལ(ཚོགས་པ)ཚད་ཡོད་ཀུང་སིའི་གཉེར་སྐྱོང་ཀུང་སི་གསུམ་པའི་རྩལ་ནུས་མཁས་པ་ཀྲང་ཅེ་ཡིས། འཁོར་ལམ་འགྲིམ་འགྲུལ་གྱི་གཞི་རིམ་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ངས་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་གྱི་དམག་ས་ཆུང་ངུ་འདིར་གཞི་ཚུགས་ཏེ། འཁོར་ལམ་འགྲིམ་འགྲུལ་སྒྲིག་ཆས་རིག་ནུས་ཅན་དུ་སྒྱུར་བཀོད་གསར་གཏོད་བྱ་རྒྱུ་དང་དུས་རབས་གསར་པའི་ལག་རྩལ་རྩལ་ནུས་མི་སྣ་གསོ་སྐྱོང་གི་ལམ་བུ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས། འཁོར་ལམ་འགྲིམ་འགྲུལ་གྱི་སྟབས་བདེའི་རང་བཞིན་དང་། སྐྱིད་སྣང་རང་བཞིན། བདེ་འཇགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། 
        རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་གཏོད་གསར་གཏོད་ཀྱི་ཕུལ་བྱུང་སྣེ་ཁྲིད་པ་ལུའུ་མན་གྱིས། ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ། ཏང་གི་འདུན་པས་འདུན་པ་བྱེད་པ་བཅས་ཀྱི་ཐོག་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་མུ་མཐུད་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། 
        རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། སི་ཁྲོན་ཞིང་ཆེན་ཙི་ཀྲུང་རྫོང་ཤིང་བཟོས་འདྲ་གཟུགས་ཟློས་གར་ཚོགས་པའི་མུ་ལིན་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ལིན་ཁུན་གྱིས། གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་ནས། གྲོང་གསེབ་དང་རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པའི་ཐབས་ལམ་འདི་ཡག་པོ་སྤྱད་དེ་རིག་གནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཐོན་ལས་དར་རྒྱས་ཡོང་རྒྱུར་ཡང་སྐུལ་ཁྲིད་བྱས་ནས། ལང་ཚོ་གཞི་རིམ་ལ་ལེགས་སྐྱེས་འབུལ་རྒྱུ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད་ང་ཚོའི་མང་ཚོགས་ཀྱི་ཡོང་འབབ་དེ་བས་མང་བ་དང་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། 
        ཏང་ཐུགས་བློ་བདེ་པོ་གནང་། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་རང་ཡོད་ཅེས་པ་སྟེ། གཞོན་ནུ་སློབ་མ་ཚོས། སློབ་སྦྱོང་ལ་སྔར་བས་འབད་བརྩོན་བྱེད་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ཡིན་ཞེས་བསྟན་ཡོད། མཚོ་སྔོན་མི་རིགས་སློབ་ཆེན་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བོད་རིགས་སློབ་མ་ཆིན་ཅེ་ཡིས། དུས་རབས་གསར་པའི་ང་ཚོས་དེ་བས་ཀྱང་ལང་ཚོའི་འབད་འཐབ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་མཉམ་འདྲེས་བྱས་ཏེ། དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། ལང་ཚོ་ཆུད་ཟོས་སུ་མི་གཏོང་བ། ཏང་དང་མི་དམངས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས། ཀྲུང་གོ་བའི་སྤོབས་པ་དང་། ལ་རྒྱ། གདིང་ཤུགས་བཅས་ཆེ་རུ་གཏོང་དགོས་ཞེས་བཤད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1