ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སི་ཁྲོན་དུ་སྒྲོག་འགྲེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-30



   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་། དྲུང་ཆེ་ལིན་ཧྲང་ལི་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། སི་ཁྲོན་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་མི་ཁྲི་2ལྷག་ཙམ་སྙན་ཞུའི་ཚོགས་འདུར་ཞུགས་པ་རེད།
   སྙན་ཞུའི་ཚོགས་འདུའི་ཐོག ལིན་ཧྲང་ལི་ཡིས་ཕྱོགས་ལྔའི་ཐད་ནས་ངོས་འཛིན་གཏིང་ཟབ་བྱ་རྒྱུར་དམིགས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་། བསམ་གཞིག་གལ་ཆེན། ཕུན་སུམ་ཚོགས་པའི་ནང་དོན། བསམ་བློའི་དགོངས་དོན། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད། ལག་ལེན་གྱི་བླང་བྱ་བཅས་གསལ་འགྲེལ་གཏིང་ཟབ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་མངོན་གསལ་དོད་པའི་བཀྲག་མདངས་འཚེར་ས་གསོན་ཉམས་དོད་པོས་ངོ་སྤྲོད་གནང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་། འབྱུང་འགྱུར་གཏོད་པ། རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་སྐྱོད་པ་བཅས་ཀྱི་བླང་བྱ་གལ་ཆེན་འཆད་འགྲེལ་གཏིང་ཟབ་གནང་བ་རེད།
    ཚེས་25ཉིན་གྱི་ཕྱི་དྲོ། ལིན་ཧྲང་ལི་སི་ཁྲོན་སློབ་ཆེན་དུ་ཕེབས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུའི་ཐད་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1