ཧུང་ཡོན་རྫོང་ནོར་གནག་དེང་རབས་ཞིང་ལས་གླིང་ཁུལ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-16



ཧུང་ཡོན་རྫོང་ནོར་གནག་དེང་རབས་ཞིང་ལས་གླིང་ཁུལ་གྱིས་འབྲོག་པའི་ཡོང་འབབ་ཇེ་མང་དུ་བཏང་།

      ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར་རྨེ་བའི་ནོར་གནག་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་གཞི་ཚུགས་ཏེ་ཧུང་ཡོན་རྫོང་གི་ནོར་གནག་དེང་རབས་ཞིང་ལས་གླིང་ཁུལ་བསྐྲུན་པ་རེད། གླིང་ཁུལ་གྱིས་ཁྱོན་ཡོངས་ལ་སྐུལ་འདེད་དང་དཔེ་སྟོན་སྣེ་ཁྲིད་དེ་ཧུང་ཡོན་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཉམས་མྱོང་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཏེ་རྩྭ་ཐང་སྔོ་ལྗང་དང་། འབྲོག་ལས་ཀྱི་ཕན་འབྲས། འབྲོག་པའི་འབབ་འཕར་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་། ཧུང་ཡོན་རྫོང་གི་ནོར་གནག་དེང་རབས་ཞིང་ལས་གླིང་ཁུལ་དེ་2019ལོར་བསྐྲུན་ནས་གསོ་ཚགས་དཔེ་སྟོན་ཁུལ་དང་། ལྗང་མདོག་ལས་སྣོན་ཁུལ། མཉམ་འདྲེས་འཕེལ་རྒྱས་ཁུལ། དམངས་སྲོལ་གོམས་གཤིས་ཉམས་ལེན་ཁུལ། ཚན་སློབ་རིག་གནས་གསར་གཏོད་ཁུལ་བཅས་སུ་ཕྱེས་ནས་ནུས་པ་མང་ཞིང་དེང་རབས་ཀྱི་ཕན་འབྲས་མཐོ་བའི་ཞིང་ལས་ཐོན་ལས་ཀྱི་མ་ལག་ཅིག་ཆགས་པར་བྱས་ཡོད།
      2020ལོར། ཧུང་ཡོན་རྫོང་གི་ནོར་གནག་དེང་རབས་ཞིང་ལས་གླིང་ཁུལ་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་64422ཟིན་པ་དང་གླིང་ཁུལ་གྱིས་རྫོང་ཡོངས་ཀྱི་གསོ་ཚགས་དུད་ཚང་3600ལ་ཡོང་འབབ་སྒོར་ཁྲི་5400འབབ་པར་ཐད་ཀར་སྐུལ་ཁྲིད་བྱས་ནས་དུད་ཚང་5000ལྷག་ལ་འབབ་འཕར་སྒོར་ཁྲི་6700འབབ་པར་སྐུལ་ཁྲིད་བྱས། ཁྱུང་མཆུ་གྲོང་རྡལ་སྟག་ལུང་གྲོང་སྡེར་གནས་པའི་ནོར་གནག་ཚད་ལྡན་ཅན་གྱི་གསོ་ཚགས་གླིང་ཁུལ་དེའི་ནང་འདྲེན་ཁེ་ལས་དང་གསོ་ཚགས་དུད་ཚང་བར་ཚབ་སྐྱེལ་ཚབ་གསོའི་གསོ་ཚགས་བྱེད་སྟངས་སྤེལ་ནས་ལག་རྩལ་གྱི་རྒྱབ་སྐྱོར་དང་། ཁེ་བཟང་འཕར་སྣོན། ལས་ཞུགས་མཁོ་འདོན་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་འབྲེལ་ཞིང་འཁྲིད་བྱེད་ཀྱིན་ཡོད། མིག་སྔར། གླིང་ཁུལ་དེར་ལོ་རེར་རྨེ་བའི་ནོར་གནག་ཁ་གྲངས་ཁྲི་1.3བཤས་ཁོངས་སུ་བཏང་བ་དང་། ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་9230ཟིན་པ། གསོ་ཚགས་དུད་ཚང་2600ལྷག་ལ་ཐད་ཀར་སྐུལ་ཁྲིད་བྱས་པ། མི་རེར་ཆ་སྙོམས་འབབ་འཕར་སྒོར་1300ཐོབ་པ། དེའང་གསོ་ཚགས་དུད་ཚང་གི་གསོ་ཚགས་ཆུ་ཚད་མཐོན་པོ་མིན་པ་དང་། དོ་དམ་བྱེད་ནུས་མི་འདང་བ། ངལ་རྩོལ་ནུས་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

      རྗེས་སུ་གླིང་ཁུལ་དེས་ཐོན་ལས་འབྲེལ་ཐག་ཆ་ཚང་གི་དེང་རབས་ཞིང་ཕྱུགས་ལས་ཀྱི་མཐོ་གསར་ལག་རྩལ་ཐོན་རྫས་ཞིབ་འཇུག་སྒྲིག་སྦྱོར་དང་གཅིག་སྡུད་བེད་སྤྱོད་བྱ་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། གླིང་ཁུལ་དང་རྫོང་ཡོངས་སུ་ནོར་གནག་གཏན་འཁེལ་རྣམ་པའི་རིམས་འགོག་སྨན་ཁབ་རྒྱག་སའི་ར་བ་དང་། སྒུལ་བདེའི་དྲོད་ལྡན་དྲོད་ཁང་། འོ་བཞོའི་ཡོ་བྱད། ནོར་གནག་གི་གློག་རྡུལ་རྣ་རྟགས། དྲོད་ལྡན་སྤྱིལ་ཁང་། མི་མེད་གནམ་གྲུས་རྩྭ་སོན་སོགས་ལག་རྩལ་གསར་བ་དང་། ཐོན་རྫས་གསར་བ། སྒྲིག་ཆས་གསར་བ་སོགས་ཚོད་ལྟའི་ངང་ཁྱབ་གདལ་བཏང་སྟེ་འབྲོག་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་ནས་འབྲོག་ལས་ཐོན་སྐྱེད་ཀྱི་ཚན་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1