༄༅།།གངས་ཅན་ཚེ་རིང་དཀར་ཐུད།

རྩོམ་པ་པོ། ཧོ་ཙེ་ཤོས་ཀྱིས་བྲིས རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 12-22


      བྲག་མགོ་རྫོང་དུ་ཕོ་མོ་རྒན་གཞོན་ཀུན་གྱིས་དགའ་བའི་ཟས་སྣ་ཞིག་ཡོད་པ་དེ་ལ་གངས་ཅན་ཚེ་རིང་དཀར་ཐུད་ཟེར།དེ་ནི་ནས་དང་གྲོ་མ།མར་ཕྱུར།དབྱར་རྩྭ་དགུན་འབུ་སོགས་རོ་བཅུད་ལྡན་པའི་ཡུལ་གྱི་ཐོན་རྫས་དང་དམིགས་བསལ་གྱི་ཐོན་རྫས་སོགས་ལས་གྲུབ་པའི་ཟས་མཆོག་ཅིག་ཡིན། དུས་ཆེན་དང་ཡང་ན་གྲོགས་པོ་འཛོམས་པའི་དུས།ཁྱད་པར་དུ་ཟླ་མཆོད་དུས་ཆེན་དུ་གཉེན་ཉེ་དང་གྲོགས་པོ་ལྷན་འཛོམས་བྱས་ནས་ཟླ་བར་ལྟ་དུས་ཟ་བའི་ཟས་མཆོག་ཅིག་ཡིན་པར་མ་ཟད།རྒྱུན་དུ་ཟོས་ན་ཁྲག་སྐྱེད་པ་དང་ཁྲག་ནང་མངར་ཆ་མཐུན་སྦྱོར།དབུགས་གསོ་སྟོབས་རྒྱས་སོགས་ལ་ཕན་པའི་མཆོག་ཏུ་གྱུར་པའི་ཟས་རིགས་ཤིག་ཀྱང་ཡིན།དེ་ནི་བཅོས་མིན་ཁེར་གཙང་དང་སྦགས་བཙོག་ལྷད་མེད་ཀྱི་ཟས་རིགས་ཤིག་ཡིན་པས།གྲོགས་པོ་རྣམས་ལ་སྟེར་བའི་དངོས་མཆོག་ཞིག་ཡིན།།  ( ཧོ་ཙེ་ཤོས་ཀྱིས་བྲིས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1