བསྟན་འཛིན་སྟེགས་བུ་འདིའི་ཁྱབ་སྤེལ་ཕོ་ཉར་བསྐོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27



     སྤྱི་ཟླ་12པའི་ཚེས་25ཉིན་གྱི་སྔ་དྲོར། ཏང་སྲིད་སློབ་སྦྱོང་སྟེགས་བུའི་དཀར་མཛེས་སློབ་སྦྱོང་སྟེགས་བུའི་དྲ་ཐོག་ཁྱབ་སྤེལ་མཛད་སྒོ་དེ་དར་མདོ་གྲོང་ཁྱེར་ཡུའུ་ལུང་ཞའོ་མགྲོན་ཁང་ཆེན་མོ་ནས་སྤེལ། 
     མཛད་སྒོ་དེ་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་། དཀར་མཛེས་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། དཀར་མཛེས་ཁུལ་ཨུའུ་དྲིལ་བསྒྲགས་པུའུ། དཀར་མཛེས་ཉིན་རེའི་ཚགས་པར། ཏང་སྲིད་སློབ་སྦྱོང་སྟེགས་བུའི་དཀར་མཛེས་སློབ་སྦྱོང་སྟེགས་བུས་འགན་སྒྲུབ་བྱས་པ་དང་། དཀར་མཛེས་ཞིང་ཚོང་དངུལ་ཁང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་། དཀར་མཛེས་ཤིན་ཧྭ་དཔེ་མཛོད་ཁང་གིས་རོགས་སྒྲུབ་བྱས་པ། མི་དམངས་ཉིན་རེའི་ཚགས་པར་དང་ཀྲུང་དབྱང་བརྙན་འཕྲིན། ཀྲུང་གོའི་གསར་འགྱུར། འཛམ་གླིང་སྐབས་དོན་ཚགས་པར། སི་ཁྲོན་ཉིན་རེའི་ཚགས་པར། ཁམས་པའི་བརྙན་འཕྲིན། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ། སི་ཁྲོན་ལ་ལྟ་བའི་དུས་དེབ། དཀར་མཛེས་ཉིན་རེའི་ཚགས་པར། དཀར་མཛེས་ཁུལ་བརྙན་འཕྲིན་ལས་ཁུངས་སོགས་ཞིང་ཆེན་དང་ཁུལ་གྱི་སྨྱན་སྦྱོར་སྡེ་ཁག་ཉི་ཤུ་ལྷག་མཛད་སྒོར་ཞུགས།
        མཛད་སྒོའི་ཡུལ་དངོས་སུ། ཏང་སྲིད་སློབ་སྦྱོང་སྟེགས་བུར་སློབ་སྦྱོང་གི་སྐར་མ་བསགས་པའི་ཕུལ་བྱུང་རྩ་འཛུགས་དང་མི་སྒེར་ལ་བྱ་དགའི་དཔང་ཡིག་གནང་བ་དང་། སི་ཁྲོན་གསར་འགྱུར་དྲ་བའི་སྨྱན་སྦྱོར་ཚོགས་པའི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། སི་ཁྲོན་ཡོངས་བསྒྲགས་སྤྱི་ཁྱབ་རྩོམ་སྒྲིག་པ་ཅན་ཝུན་མིན་དང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་པུའུ་ཀྲང་ཝང་ཡུའུ་ཆུང་བཅས་ཞུགས།
        མཇུག་མཐར། ལི་ཐང་བསྟན་འཛིན་ཏང་སྲིད་སློབ་སྦྱོང་སྟེགས་བུའི་དཀར་མཛེས་སློབ་སྦྱོང་སྟེགས་བུའི་ཁྱབ་སྤེལ་ཕོ་ཉ་རུ་བསྐོས་ལ་ཁོའི་བདེ་སྐྱིད་ཅེས་པའི་གླུ་སྒྲ་དང་འགྲོགས་ནས་མཛད་སྒོ་ཡོངས་སུ་གྲོལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1