༄༅།། ཞོགས་ཟས་ལ་འཛོམས་དགོས་པའི་ཟས་མཆོག་གསུམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-04


        ཞོགས་ཟས་ནི་ཉིན་གཅིག་གི་ཟས་ཐུན་ཆེས་གལ་ཆེ་བ་ཞིག་ཡིན་ལ། ཆེས་སྣང་མེད་དུ་འཇོག་སླ་བའི་ཟས་ཐུན་ཞིག་ཀྱང་རེད། ཞོགས་ཟས་མ་ཟོས་ན་རྒས་སླ་བར་མ་ཟད་ཁྲག་ཧྭགས་དམའ་བ་སོགས་ཀྱི་གནད་དོན་སྣ་ཚོགས་འབྱུང་སྲིད།
        ཞོགས་ཟས་བཟའ་སྐབས་སྣུམ་ཚྭ་ཧྭགས་གསུམ་གྱི་སྦྱོར་རྟའི་འདུས་ཚད་དང་ཟས་རིགས་ཀྱི་སྡེབ་སྦྱོར་ལུགས་མཐུན་ཡིན་མིན་ལ་ལེགས་པོར་བརྟག་དགོས་པར་མ་ཟད། ཟས་རིགས་སྣ་གསུམ་ངེས་པར་འཛོམས་དགོས།
        སྒོ་ང་། ཉིན་རེའི་འཚོ་བཅུད་ནི་ཞོགས་པའི་སྒོ་ང་ནས་མགོ་རྩོམ་དགོས་པ་སྟེ། སྒོ་ང་བཙོས་མ་དང་བརྔོས་མ་གང་ཞིག་ཡིན་ཡང་ཆོག སྒོ་ངའི་ནང་དུ་སྤྲི་དཀར་དང་ཁམས་སེར་རྒྱུ། ཁམས་ལིན་ཚིལ། ད་རུང་འཚོ་རྒྱུ་དང་གཏེར་རྒྱུ་སོགས་མང་པོ་འདུས་པ་རེད། དེ་བས་སྒོ་ངའི་ཁྲོད་ཀྱིDHAདང་ཁམས་ལིན་ཚིལ་གྱིས་དབང་རྩའི་མ་ལག་དང་ལུས་པོ་འཚར་ལོངས་འབྱུང་བ་སོགས་ཀྱི་ཐད་ཕན་ནུས་མང་པོ་ཐོན་པར་མ་ཟད།ད་རུང་དྲན་པ་ཇེ་གསལ་དུ་གཏོང་བར་ཕན་པ་ཡོད།
  འོ་མ། འོ་མས་འཚོ་བཅུད་ཀལ་ཁ་གསབ་བྱེད་ཐུབ་པ་ལས་གཞན་ད་རུང་སྤྲི་དཀར་གྱི་འདུས་ཚད་ཀྱང་ཧ་ཅང་མཐོ། འོ་མའི་ནང་དུ་འོ་ཧྭགས་མང་པོ་འདུས་པས་ཀལ་བསྡུ་ལེན་བྱེད་པར་སྐུལ་འདེད་གཏོང་ཞིང་། འོ་མའི་ནང་དུ་ལིན་དང་ཅྭ་དང་རྨེ་སོགས་ཀྱི་གཏེར་རྒྱུའི་འདུས་ཚད་ཧ་ཅང་ལུགས་མཐུན་ཡིན་པས། ཉིན་རེའི་ཞོགས་ཟས་སྐབས་སུ་འོ་མ་དཀར་ཡོལ་གང་ངེས་པར་འཐུང་དགོས།
        གལ་ཏེ་འོ་ཧྭགས་མི་བཞུ་བར་སྐྲག་ན། ཚད་ཉུང་ཐུན་མང་གི་བྱེད་ཐབས་སྤྱད་ཆོག་པ་སྟེ།དཔེར་ན་འོ་མ་དཀར་ཡོལ་གང་ཐེངས་གསུམ་ལ་བགོས་ཏེ་འཐུང་བ་དང་།ཡང་ན་ཞོ་དང་འོ་ཕྱེ་སོགས་འཐུང་ཡང་ཆོག
        གཙོ་ཟས། ཞོགས་པར་མིའི་ལུས་པོར་ངེས་པར་དུ་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་མང་པོ་འདུས་པའི་ཟས་རིགས་ལ་བརྟེན་ནས་ཡང་བསྐྱར་ནུས་ཚད་ཁ་གསབ་བྱེད་དགོས། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ནི་ཀླད་པར་ནུས་ཚད་ཁ་གསབ་བྱེད་པའི་འབྱུང་ཁུངས་གཙོ་བོའང་ཡིན། འོ་མ་དང་སྒོ་ངའི་ནང་དུ་མ་གཞི་ནས་སྤྲི་དཀར་དང་ཚིལ་ཞག་མང་པོ་འདུས་ནའང་། དེ་གཉིས་ཀྱིས་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་འདང་ཚོད་ཅིག་འདོན་སྤྲོད་བྱེད་མི་ཐུབ་པས།ལུས་པོར་ནུས་ཚད་འདང་ཚོད་ཅིག་ཀྱང་འདོན་སྤྲོད་བྱེད་མི་ཐུབ་པ་རེད། དེ་བས་ཞོགས་ཟས་ལ་སྒོ་ང་དང་འོ་མ་ལས་གཞན་ད་རུང་མོག་མོག་དང་ཤའི་ཚོད་མ། ཡང་ན་འབྲུ་རྩིང་གི་ཐུག་པ་དཀར་ཡོལ་གང་སོགས་གང་རུང་ཞིག་སྡེབ་སྦྱོར་བྱེད་དགོས།
        རྨང་གཞི་དེའི་སྟེང་ད་རུང་སྔོ་ཚོད་དང་ཤིང་ཏོག སྲན་རྫས་ཉུང་ཙམ་བཟའ་ཐུབ་ན། ཉིན་གཅིག་གི་འཚོ་བཅུད་ཡོངས་སུ་འཛོམས་པའི་ཞོགས་ཟས་ཕུན་སུམ་ཚོགས་པ་ཞིག་གོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1