ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་གཙག་དྲུབ་ལག་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-04



   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ལ“གཙག་དྲུབ་ཀྱི་ཕ་ས”ཟེར། བོད་ཀྱི་སྲོལ་རྒྱུན་གཙག་དྲུབ་བརྩམས་ཆོས་གཙོ་བོ་ཐང་ག་དང་མི་རིགས་ཀྱི་རྒྱན་གོས་ཡིན་ཞིང་། ད་ཆ་མཚོ་བོད་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྲོག་ཆགས་དང་། རང་བྱུང་ཁོར་ཡུག ཡུལ་སྲོལ་གོམས་འདྲིས་སོགས་ཀྱི་རྒྱུ་ཆའང་གང་མང་འདུས་ཡོད་པས། མཚོན་བྱ་སྔར་བས་སྣ་མང་དུ་གྱུར་ཅིང་། སྒྱུ་རྩལ་གྱི་ཁྱད་ཆོས་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པ་མ་ཟད། མཚོ་བོད་ས་མཐོའི་སོ་ནམ་རིག་གནས་དང་ལོ་རྒྱུས་རིག་གནས་ཀྱང་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གཙག་དྲུབ་དེ་དུས་རབས་9པར་བྱུང་ཞིང་། ཐང་ག་དང་འཚེམ་དྲུབ་དང་བཅས་པར་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཆེན་པོའི་རིགས་གསུམ་དུ་གྲགས། འདི་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་ཁྱད་ཆོས་མངོན་གསལ་ལྡན་པའི་གཙག་དྲུབ་ཀྱི་ལུགས་ཤིག་རེད།  






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1