༄༅།།རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཏེ་གཙང་གསུམ་འབྱུང་ཡུལ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 01-07


2.jpg

11.jpg

པར་འདི་གཉིས་ནི་གཙང་གསུམ་འབྱུང་ཡུལ་ཡིན།

3.jpg

4.jpg

5.jpg

6.jpg

7.jpg

8.jpg

9.jpg

པར་འདི་དག་ནི་གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཡིན།

10.jpg

པར་འདི་ནི་གཙང་གསུམ་འབྱུང་ཡུལ་དུ་ཡོད་པའི་འབྲོག་ཁུལ་རེད།

    དབྱར་ཟླ་བརྒྱད་པའི་ཨ་ཆེན་གངས་རྒྱབ་དུ་རི་སྐྱེས་སྲོག་ཆགས་གཙོད་ཁྲི་ཁྲག་ཁ་ཤས་ཀྱིས་རིགས་རྒྱུད་སྤེལ་ནས་ཕྲུ་གུ་བཙས་རྗེས་སྔ་གཞུག་ཏུ་སྔོན་ཆད་ཀྱི་འཚོ་སྡོད་གནས་སུ་བསྐྱོད་པ་དེས་གཞི་ཁྱོན་ཤིན་ཏུ་ཆེ་བའི་གཙོད་ཁྱུ་གནས་སྤོར་པའི་རྣམ་པ་ཞིག་ཏུ་གྲུབ་ཡོད།

    མཚོ་སྔོན་པོའི་བྱང་ངོས་ཀྱི་རྐང་ཚ་རྫོང་དུའང་གསེར་ཉས་སྒོ་ང་གཏོང་བའི་ཡ་མཚན་གྱི་ལྟད་མོ་ཞིག་མངོན་བཞིན་ཡོད།

    མཚོ་སྔོན་ལྷོ་ནུབ་རྒྱུད་ཀྱི་རྫ་སྟོད་རྫོང་རྣམ་སྲས་ཤང་ལ“ཀྲུང་གོའི་གསའ་ཡི་ཕ་ཡུལ”ཞེས་བརྗོད་པ་དང་། དེའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ནི་གསའ་ཡི་འཚོ་གནས་དང་འཚམ་པས། འབྲི་སྟོད་རྫོང་དང་བོད་ལྗོངས་ཤར་བྱང་རྒྱུད་དང་བཅས་པ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་གསའ་ཡི་འཚོ་གནས་སུ་གྱུར་ཡོད།

རྩྭ་ཐང་དང་གཙང་འགྲམ། ཡང་ན་མི་མེད་ལུང་སྟོང་སོགས་ས་གནས་གང་ཡིན་ཡང་། མཚོ་སྔོན་དུ་རི་སྐྱེས་སྲོག་ཆགས་རྣམས་ང་ཚོ་དང་མཉམ་དུ་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་རི་མོ་ཞིག་གྲུབ་ཡོད་པ་རེད།

རི་སྐྱེས་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་གཙོད། དགོ་བ། རྐྱང་། གཡི། གསའ། སྤྱང་ཀི་སོགས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྡོམས་པས་རི་སྐྱེས་སྲོག་ཆགས་རིགས120ལྷག་ཡོད་ལ། དེའི་ཁྲོད་ཀྱི་མང་ཆེ་ཤོས་ནི་མཚོ་བོད་མཐོ་སྒང་ཁོ་ན་ནས་ཡོད་པའི་རི་སྐྱེས་སྲོག་ཆགས་རིགས་ཡིན་པ་མ་ཟད་རིགས་ཚོགས་གྲངས་འབོར་ཤིན་ཏུ་ཆེ་ཞིང་། དེ་དག་གིས་རང་དབང་སྒོས་ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་ཞིང་ས་བབ་ཆེས་མཐོ་བའི་རང་བྱུང“རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”འདིར་འཚོ་སྡོད་བྱེད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1