རྒྱང་སྐྱོད་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལས་འགོ་ཚུགས་པའི་མཛད་སྒོ་ལྕགས་ཟམ་རྫོང་དུ་འཚོགས་པ།

སྒྲོལ་ཚེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-07




        2021ལོའི་ཟླ་12པའི་29ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྐབས་གསར་པའི་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་ཨུ་ཡོན། རྗེས་སྣོན་ཨུ་ཡོན་བཅས་ཀྱི་སྣེ་ཁྲིད་དེ་སི་ཁྲོན་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་ལྕགས་ཟམ་རྫོང་ཡན་ལག་ཁང་དུ་རྒྱང་སྐྱོད་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་འགོ་ཚུགས་པའི་མཛད་སྒོ་དང་རྒྱང་སྐྱོད་སྙིང་སྟོབས་བསྐྱར་དྲན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས། 
        སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསར་བརྗེའི་རིག་དངོས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། རྒྱང་སྐྱོད་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམར་དམག་རྒྱང་སྐྱོད་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལས་འགོ་བཙུགས།    

        འབྲེལ་ཡོད་འཆར་འགོད་ལྟར་ན། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་སྤྱིའི་དམིགས་ཡུལ་ནི། དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་རྒྱང་སྐྱོད་རིག་དངོས་དང་རྒྱང་སྐྱོད་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཐོན་ཁུངས་ལྟེ་བར་འཛིན་པ་དང་། “ལུའུ་ཏིང་ཟམ་ཆེན་གྱིས་འཕྲད་ཀྱིས་གཅོད། དཀར་མཛེས་གྱི་དགྱེས་འཛོམས་ཆེན་མོ། བོད་གྲོང་ཀྱི་དམག་དམངས་དབར་གྱི་བརྩེ་སེམས”བཅས་ཀྱི་རྒྱང་སྐྱོད་བརྗོད་དོན་གཙོ་བོ་ཡིན་པའི་སྤུས་རྟགས་གཏོད་རྒྱུ་དང་། གསར་བརྗེའི་ཡུལ་སྐོར་ཕྱོགས་ཡོངས་ནས་རྒྱ་བསྐྱེད་ཁྱབ་གདལ་བཏང་སྟེ་དཀར་མཛེས་ཁུལ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་དཔེ་མཚོན་དང་། རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་གྱི་དམིགས་ས་དང་བོད་འབྲེལ་ས་ཁུལ་གྱི་གསར་བརྗེའི་ཡུལ་སྐོར་གྱི་ཁུལ་དང་པོར་གཏོད་རྒྱུ་དེ་རེད། 

        འཆར་འགོད་ཀྱི་གཙོ་ནུས་ཐོན་ཁུལ་ནང་སྲུང་སྐྱོང་ཁུལ་དང་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ཁུལ།  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཁུལ། སྲོལ་རྒྱུན་བེད་སྤྱོད་ཁུལ་བཅས་གཙོ་ནུས་ཐོན་ཁུལ་རིགས་བཞི་དང་། བརྗོད་དོན་གཙོ་བོའི་འགྲེམ་སྟོན་ཁུལ་གྱི་གྲས་སུ་ལུའུ་ཏིང་ཟམ་ཆེན་འཕྲེད་ཀྱིས་གཅོད་པ་གཙོ་བོ་བྱས་པའི་འགྲེམས་སྟོན་གླིང་དང་། དཀར་མཛེས་དམག་དཔུང་མཉམ་འཛོམས་གཙོ་བོ་བྱས་པའི་འགྲེམས་སྟོན་གླིང་།  དེ་བཞིན་ཕྱག་ཕྲེང་ཤམ་པ་ལྷ་གཙོ་བོ་བྱས་པའི་འགྲེམས་སྟོན་གླིང་བཅས་འགྲེམས་སྟོན་གླིང་གཙོ་བོ་3དང་།  མེན་ཉིང་ནས་ལྕགས་ཟམ་ཁ།  བྲག་འགོ་ནས་དཀར་མཛེས།    སྡེ་རོང་-ནས་དཀར་མཛེས། ཕྱག་ཕྲེང་ནས་དཀར་མཛེས་བཅས་ཀྱི་གཅིག་སྡུད་འགྲེམས་སྟོན་ཁུལ་4དང་དེ་བཞིན་འབྲེལ་ཡོད་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་ཁུལ་བཅས་ཡོད།
        རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཁུལ་དུ“རྒྱང་སྐྱོད+”རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཙོ་བོ་བྱས་ནས་བསྐྲུན་རྒྱུ་ཡིན་ཞིང་། སྲོལ་རྒྱུན་བེད་སྤྱོད་ཁུལ་འཆར་འགོད་འཛུགས་སྐྲུན་ལམ་རྒྱུད་ཀྱི་དམར་དམག་རྒྱང་སྐྱོད་གྲོང་ཚོ་17དང་རྒྱང་སྐྱོད་བརྗོད་དོན་གཙོ་བོའི་གསར་བརྗེའི་གྲོང་རྡལ་ཆུང་ངུ་14བསྐྲུན་རྒྱུ་རེད།  དེའི་ནང“ལུའུ་ཏིང་ཟམ་པ་འཕྲད་ཀྱིས་གཅོད་པ་ལྟེ་བའི་འགྲེམས་སྟོན་ཁང”གིས“རྒྱལ་ནང་གི་རྩེར་སོན་པའི་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་དམིགས་ས་འཛུགས་པའི”སྤྱི་ཁོག་གཏན་འཁེལ་བྱས་ཤིང་། འཆར་འགོད་ལ་རྒྱ་ཁྱོན་སྤྱི་ཆིང་38.27ཚོད་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར་18གཏང་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1