དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཐད་ཀྱི་འགལ་བ་ཇེ་ཆུང་དུ་འགྲོ་བཞིན་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ཀའེ་ལི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་གྱི་འགལ་བ་ཇེ་ཆུང་དུ་འགྲོ་བཞིན་ཡོད་ཟེར། 
        དབྱི་ལིང་གི་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཉིན་དེར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་དུས་ཚོད་འགའི་རིང་གྲོས་མོལ་བྱས། པཱ་ཀའེ་ལི་ཡིས་དེའི་རྗེས་སུ་གསར་འགྱུར་ལས་རིགས་ལ་བསྟན་དོན། གྲོས་མོལ་དེ་གྲོས་མཐུན་འགོད་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཟེར། 
        བསྒྲགས་པ་ལྟར་ན། དབྱི་ལིང་གི་འཐུས་མི་དང་གྲོས་མོལ་བྱས་རྗེས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་དང་ཨ་མེ་རི་ཁའི་འཐུས་མིས་གྲོས་མོལ་གནས་ཚུལ་སྐོར་ནས་བསམ་འཆར་བརྗེ་རེས་བྱས། 
        གཞན་ཡང་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཉིན་དེར་ད་རུང་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བའི་གནད་དོན་ཐད་ནས་ཆེད་མཁས་པའི་གྲོས་ཚོགས་བསྡུས། ཕྱོགས་སོ་སོས་ཉེ་སྔོན་ཝེ་ཡེ་ནཱ་ནས་རིམ་པ་མང་བ་དང་རྣམ་པ་མི་འདྲ་བའི་གཅིག་བསྡུས་ཀྱི་གྲོས་མོལ་སྤེལ་བ་རེད།  ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1