༄༅།།ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 01-11


   ཐང་ག་ནི་བོད་ཀྱི་རིག་གནས་ལས་ཁྱད་ཆོས་ལྷག་ཏུ་ལྡན་ཞིང་འཐུས་ཚབ་རང་བཞིན་ཆེ་ཤོས་ཀྱི་རི་མོའི་སྒྱུ་རྩལ་ཞིག་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིག་གནས་པུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོར་འཇུག་རྒྱུའི་ཆོག་མཆན་སྤྲད་པ་རེད། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་རྒྱ་སྟོབས་ཆེ་རུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཅས་བྱ་ཆེད། རང་ལྗོངས་ཀྱིས་སྔར་ནས་ད་བར་ཐང་གའི་རྒྱུན་འཛིན་པ་གསོ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐང་གའི་རྒྱུན་འཛིན་པའི་རིག་གནས་སྒྱུ་རྩལ་གྱི་བྱང་ཚད་དང་། མཛེས་དཔྱོད་ནུས་པ། གསར་གཏོད་འཇོན་ཐང་སོགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབུལ་སྐྱོར་ཐོན་ལས་གླིང་གི་ཐང་གའི་རྒྱུན་འཛིན་པས་ཐང་ག་བཞེངས་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1