སུན་ཁྲུན་ལན་གྱིས་པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་དང་ཐུག་འཕྲད་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-14


 

          སྤྱི་ཟླ་2པའི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྱིས་པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་དང་མཇལ་འཕྲད་གནང་། སུང་ཁྲོན་ལན་གྱིས་པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་མཆོག་ལ་གནམ་ལོ་གསར་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོས་སུན་ཁྲུན་ལན་ལ་ཁ་བཏགས་དཀར་པོ་ཕུལ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་པན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་ཁབ་ལ་དགའ་བ་དང་ཆོས་ལུགས་ལ་དུང་བའི་རླབས་ཆེ་བའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆོད་སེམས་བརྟན་པ་དང་། དུས་ནམ་ཡིན་ཡང་རང་ཉིད་ཀྱི་འོས་འགན་ཕྲག་ཏུ་བླངས་ནས་དད་ལྡན་མང་ཚོགས་ལ་ཞབས་ཞུ་བསྒྲུབ་སྟེ། ཏང་དང་རྒྱལ་ཁབ། མི་དམངས་མང་ཚོགས་བཅས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་བསྟན།

            སུན་ཁྲུན་ལན་གྱིས་པན་ཆེན་ལགས་ཀྱིས་ཕྱོགས་གང་ཐད་ལ་གྲུབ་འབྲས་རྒྱ་ཆེན་པོ་བླངས་བར་རྟེན་འབྲེལ་ཞུས་པ་དང་། སུན་ཁྲུན་ལན་གྱིས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རྒྱལ་ཁབ་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་ཚབ་བྱེད་མི་སྣ་གསོ་སྐྱོང་དང་། པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་མཆོག་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་བཅས་ཀྱི་ཐད་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་ཆབས་ཅིག་ཏུ་རེ་བ་དང་ཆ་རྐྱེན་གསར་བའང་བཏོན་ཡོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1