འཚོ་བ་གསར་པ་གཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 01-12



        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བོད་རུམ་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་དེར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཉེ་འཁོར་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པས། རྒྱ་ཆེའི་ཞིང་འབྲོག་པ་རྣམས་ལ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་ཐུབ་ཡོད་ལ། རང་ལྗོངས་ཀྱི་བོད་རུམ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་དང་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ཐོན་སྐྱེད་ལག་རྩལ་དང་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ནས་གནའ་བོའི་བཟོ་རྩལ་གྱི་ཐོན་རྫས་ཡིན་པའི་བོད་རུམ་རིམ་གྱིས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་ཐུབ་པ་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1